མཚོ་སྔོན་གྱིས་བརྡ་ཐོ་བཏང་དོན། འདས་མཆོད་སྒྲུབ་པར་ཁ་གསབ་མཐོ་ཤོས་སྒོར1000སྤྲོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཤིན་པོ་པུར་འཇུག་ཞབས་ཞུའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་འདས་མཆོད་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད།ཉེ་ལམ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས《མང་ཚོགས་ཀྱིས་ཚོང་གཉེར་རང་བཞིན་གྱི་སྤྱི་པའི་བང་སོའི་པུར་འཇུག་ཞབས་ཞུའི་ལྟེ་གནས་སུ་འདས་མཆོད་བསྒྲུབ་རྒྱུར་ཁ་གསབ་འོས་འཚམ་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ། ཞིང་ཆེན་རིམ་པའི་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་བེད་སྤྱད་དེ་ཟི་ལིང་གྲོང་ཁྱེར་གྱི་རྫོང(ཆུས)7གྱི་ཁོངས་གཏོགས་ཀྱི་ཚོང་གཉེར་རང་བཞིན་གྱི་སྤྱི་པའི་བང་སོའི་པུར་འཇུག་ཞབས་ཞུའི་ལྟེ་གནས་སུ་འདས་མཆོད་ཡོ་བྱད་གཉེར་བར་ཁ་གསབ་འོས་འཚམ་བྱེད་རྒྱུ་རེད། 

དམིགས་བསལ་གྱི་དཀའ་ངལ་ཡོད་པའི་བདག་སྐྱོང་མི་སྣ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སྤྱོད་མཁན། མ་མཐའི་འཚོ་བ་འགན་ལེན་མཚམས་ཀྱི་ཁྱིམ་ཚང་། དུས་བཅད་རང་བཞིན་གྱི་འཆི་གོད་གྱོང་གསབ་དང་ཁ་གསབ་བྱ་ཡུལ་བཅས་ལ་འདས་མཆོད་སྒྲུབ་པར་ཐེངས་གཅིག་ལ་ཁ་གསབ་སྒོར1000སྤྲོད་རྒྱུ་ཡིན་པ་དང་། མང་ཚོགས་གཞན་དག་ལ་འདས་མཆོད་སྒྲུབ་པར་ཐེངས་གཅིག་ལ་ཁ་གསབ་སྒོར600སྤྲོད་པ་བཅས་བྱེད་རྒྱུ་རེད།ཚོད་ལྟའི་ལས་དོན་དེ་ད་ལོའི་ཟླ3པའི་ཚེས30ཉིན་ནས་བཟུང་ཁྱོན་ཡོངས་ནས་སྤེལ་རྒྱུ་ཡིན་ཞིང་། ཟི་ལིང་གྲོང་ཁྱེར་གྱི་རྫོང(ཆུས)སོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིབ་ཕྲའི་རྩ་འཛུགས་ལག་བསྟར་བྱ་རྒྱུ་དང་དུས་ཡུན་ལོ3ཡིན་པ་རེད། ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་གཤིན་པོ་པུར་འཇུག་དོ་དམ་ཞབས་ཞུའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཉམས་མྱོང་དང་བྱ་ཐབས་སྔར་ལས་ལྷག་པར་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་ཚོང་གཉེར་དོ་དམ་སྒྲིག་གཞིའི་ནང་ཞུགས་པའི་ཚོང་གཉེར་བྱེད་སྟངས་དང་། ཞབས་ཞུའི་ཚད་གཞི། རིན་གོང་གཏན་འཁེལ་གྱི་ལམ་སྲོལ། ལྟ་སྐུལ་དོ་དམ་བྱེད་ཐབས། གདེང་འཇོག་ལམ་སྲོལ་སོགས་ལམ་ལུགས་དང་ཚད་གཞི་རབ་དང་རིམ་པ་བཟོ་རྒྱུར་ཞིབ་འཇུག་བྱེད་པ་བརྒྱུད། སྤྱི་ཚོགས་ཀྱི་མ་དངུལ་བཏང་ནས་པུར་འཇུག་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚོང་གཉེར་དོ་དམ་ནང་ཞུགས་རྒྱུར་སྐུལ་མ་བཏང་སྟེ། ས་གནས་ནོར་སྲིད་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས་པུར་འཇུག་ཆེད་ལས་མི་སྣ་མི་འདང་བའི་གནད་དོན་དོན་དངོས་སྟེང་ཐག་གཅོད་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།