ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་བོད་རིགས་བུ་མོ60ཡིས་གངས་འཁྱགས་ལུས་རྩལ་ཉམས་སུ་མྱངས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་བསུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གིས་མཉམ་འབྲེལ་ངང“དགུན་དུས་ཨོ་རྩལ་འགྲན་ཚོགས་བསུ། དགའ་དགའ་སྤྲོ་སྤྲོས་དཔྱིད་གསར་དུས་ཆེན་བསུ”ཞེས་པའི་དྲག་ཆས་ཉེན་རྟོག་གི་བུ་མོའི་སྤྱི་ཚོགས་ལག་ལེན(དགུན་སྒར)བྱ་འགུལ་མགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད།

མགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐོར་ཞིབ་པ་རིམ་པ་གཉིས་པའམ་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལས་འཛིན་མགོ་གཙོ་ཏང་ཧེ་ཆའོ་ཡིས་ངོ་སྤྲོད་ལྟར་ན། ཐེངས་འདིའི་དགུན་སྒར་བྱ་འགུལ་ཁྲོད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ“དྲག་ཆས་ཉེན་རྟོག་དཔྱིད་མྱུག་འཆར་གཞི”ཡི་རོགས་དངུལ་ཐོབ་པའི་བོད་རིགས་བུ་མོ60དུས་ཡུན་ཉིན་ལྔ་རིང་གི་དགུན་སྒར་བྱ་འགུལ་ནང་ཞུགས་རྒྱུ་རེད་ཅེས་བསྟན། 

ངོ་སྤྲོད་ལྟར་ན། “དཔྱིད་མྱུག་འཆར་གཞིའི”སྤྱི་ཕན་རྣམ་གྲངས་དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་འོག ཀྲུང་གོའི་བྱིས་པ་ལོ་ཆུང་ཐེབས་རྩ་ཚོགས་པས1989ལོར་མགོ་བཙུགས་པ་དང་རྩ་འཛུགས་བྱས་ནས་ལག་བསྟར་བྱས་པའི་བྱིས་པའི་སྤྱི་ཕན་རྣམ་གྲངས་ཤིག་ཡིན་ལ། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་བྱམས་སེམས་གཅིག་ཏུ་བསྡུས་ནས་ས་ཁུལ་དབུལ་པོའི་སློབ་ཤོར་བྱིས་པ་བུ་མོར་མུ་མཐུད་དུ་སློབ་སྦྱོང་བྱ་རྒྱུར་རོགས་དངུལ་སྤྲོད་པ་དང་། ས་ཁུལ་དབུལ་པོའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱིས་ལོ་ཆུང་བྱིས་པའི་སློབ་གསོའི་ཕན་བདེའི་བྱ་གཞག་ལ་རམ་འདེགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ཡིན།

ཤེས་གསལ་ལྟར་ན། ཐེངས་འདིའི་དགུན་སྒར་བྱ་འགུལ་ཁྲོད། བྱིས་པ་ཚོ་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྒར་ཁུལ་དུ་བསྐྱོད་དེ་དཔུང་སྡེའི་སྦྱོང་བརྡར་དང་འཚོ་བ་ཉམས་སུ་མྱོང་བ། རྒྱལ་སྲུང་ཤེས་བྱ་སློབ་སྦྱོང་བྱེད་པ། དངོས་མང་བཤམས་སྟོན་ཁང་དང་རྡུལ་ཕྲན་གྲོང་། ཚན་རྩལ་ཁང་སོགས་སུ་ལྟ་སྐོར་བྱ་རྒྱུ་རེད། གཞན་ཡང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ལ་ཉེ་བའི་དུས་འདིར། ཐེངས་འདིའི་ལག་ལེན་བྱ་འགུལ་ཁྲོད་བྱིས་པ་ཚོས་ཆེད་ལས་རྩལ་ཁྲིད་པའི་སྣེ་ཁྲིད་འོག་གངས་འཁྱགས་ལུས་རྩལ་ཉམས་ལེན་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་བཅས་དང་ལེན་བྱས་ནས་པེ་ཅིང་དགུན་དུས་ཨོ་རྩལ་ལ་རམ་འདེགས་བྱེད་ཐབས་ཀྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་ཞིག་ཀྱང་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།