ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་བྱ་བར་ཡོངས་བསྒྲགས་བསྟོད་བསྔགས་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བྱེ་འགོག་བྱེ་བཅོས་བྱ་བར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཡོངས་བསྒྲགས་བསྟོད་བསྔགས་ཐོབ། དཔྱད་འཇོག་བྱས་པ་བརྒྱུད། ནང་སོག་དང་མཚོ་སྔོན། ཞིན་ཅང་། ཧེ་ལུང་ཅང་། བོད་ལྗོངས། ཧི་པེ། ཧྲན་ཞི་སོགས་ཞིང་ཆེན7(རང་སྐྱོང་ལྗོངས)གྱི་ཐོབ་སྐར་དེ་བྱ་བའི་འབུར་ཐོན་ཚད་གཞིར་སླེབས་པ་དང་། རྒྱུགས་ལེན་དཔྱད་ཞིབ་རིམ་པ་དེ་བྱ་བའི་འབུར་ཐོན་དུ་སླེབས་ཡོད། 

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། རང་ཞིང་གིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་དམ་དུ་འབྲེལ་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་ངོ་གསུམ་གྱི་བྱེད་སྟངས་དམ་འཛིན་བྱེད་པ་དང་། “བྱང་གསུམ”འགོག་སྲུང་ནགས་ར་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་། ཕྱུགས་བསྐྱུར་རྩྭ་འདེབས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་རྒྱལ་ཁབ་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བྱས། དེའི་སྐབས་སུ། སྲིད་ཇུས་རོགས་སྐྱོར་དང་།རྩ་འཛུགས་འགན་སྲུང་། མ་དངུལ་གཏོང་བ། དམིགས་འབེན་རྒྱུགས་ལེན་དཔྱད་ཞིབ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་ཅིང་། བྱེ་འགོག་བྱེ་བཅོས་མངོན་འགྱུར་བྱེད་པ་དེ“བྱེ་མས་མི་འུད་ཀྱིས་ཕྱིར་ཕུད་པ”ནས“ལྗང་མདོག་གིས་བྱེ་མ་ཕྱིར་སྤྲོད་པའི”ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ཅན་དང་བྱེ་འགྱུར་ས་ཞིང་མུ་མཐུད་དུ“ཇེ་ཆུང་དུ་འགྲོ་བའི”རྣམ་པ་མངོན་ཞིང་། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ནས་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་པ་དང་ལྗང་མདོག་ལྕགས་རི་སྔར་བས་སྲ་བརྟན་དུ་སོང་། ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་བྱེ་འགོག་བྱེ་བཅོས་ལས་འགན་སྤྱི་ཆིང574100ལེགས་འགྲུབ་བྱས་པ་དང་། དམིགས་འབེན་ལས་འགན་གྱི143.5%ལེགས་འགྲུབ་བྱས། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར18.86ལེགས་འགྲུབ་བྱས་པ་དང་། དེའི་ཁྲོད་ཀྲུང་དབྱང་མ་དངུལ་སྒོར་དུང་ཕྱུར16.2དང་། ས་གནས་མ་དངུལ་སྒོར་དུང་ཕྱུར2.66ཡོད། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ། རང་ཞིང་གིས་རྒྱལ་ཁབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྣེ་ཁྲེིད་བྱས་པ་དང་། “ལྗང་མདོག་ཁ་བསྣོན་དང་། སྤུས་ཚད་མཐོར་འདེགས། ཕན་འབྲས་མཐོར་འདེགས།དམངས་ཕན”བཅས་གཙོ་བོར་བཟུང་ནས་གཅིག་གྱུར་སྐུལ་འདེད་ངང་རི་ཆུ་ནགས་རྩྭ་དང་བྱེ་འཁྱགས་མ་ལག་བཅོས་སྐྱོང་བྱས་པ་དང་། གཙོ་བོ《མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2020-2035ལོ)》དང《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་ངོ་གསུམ་གྱི་བྱེད་སྟངས་འཆར་འགོད(2020-2022ལོ)》འཆར་འགོད་ལག་བསྟར་བྱས་ཏེ། མུ་མཐུད་དུ་བྱེ་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་ལྕགས་རི་སྲ་བརྟན་དུ་བཏང་ནས། བྱེ་ཁུལ་གྱི་སྐྱེ་ཁམས་དང་དམངས་འཚོ་ལེགས་བཅོས་བྱས། དུས་མཚུངས་སུ། ལྗང་མདོག་སྐྱེ་ཁམས་ཐོན་ལས་གསོ་སྐྱོང་དང་བྱེ་ཁུལ་གྱི་ལྗང་མདོག་ཐོན་ལས་ཀྱི་དམངས་ཕྱུག་སྣེ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་དང་བྱེ་འགྱུར་ས་ཞིང་སྲུང་སྐྱོབ་སོགས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱས་ཏེ། བྱེ་ཁུལ་གྱི་སྐྱེ་ཁམས་ཆ་ཚང་སྲུང་སྐྱོང་དང་། མ་ལག་སླར་གསོ། ཕྱོགས་བསྡུས་ལེགས་བཅོས་བཅས་ལ་ཤུགས་བསྣན་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།