མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“110དྲིལ་སྒྲོག་ཉིན་མོའི”བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན་ནི་རྒྱལ་ཡོངས་ཀྱི“110དྲིལ་སྒྲོག་ཉིན་མོ”ཐེངས36པ་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས“མི་དམངས་དང་པོར་འཇོག་པའི110དང་། བློ་སྤོབས་ཆེན་པོས་མདུན་བསྐྱོད་གསར་བར་སྲུང”ཞེས་པ་བརྗོད་དོན་ཡིན་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ།

བྱ་འགུལ་ཉིན་དེར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་། བརྙན་འཕྲིན་ཁང་དང་ཚགས་པར། དྲ་ངོས། པོད་འཕྲིན། སྐད་འཕྲིན་སོགས་སྨྱན་བྱད་བརྒྱུད་དེ་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་མང་ཚོགས་ལ“110”དྲིལ་སྒྲོག་བྱས་པ་དང་། ཉེན་རྟོག་ཞུ་གཏུགས་ཁ་པར་བེད་སྤྱོད་ཁྱབ་ཁོངས་དང་སྐད་འཕྲིན་ཉེན་རྟོག་ཞུ་གཏུགས་ཀྱི“འགལ་བ་འདུམ་འགྲིག་བྱེད་པ་སྟེ། མང་ཚོགས་ཀྱི་འགལ་བ་ངའི་སྙོམས་སྒྲིག་བྱེད”ཅེས་པའི་བྱེད་ནུས་བེད་སྤྱོད་བྱེད་ཐབས་དང་། ཉེན་རྟོག་ལས་གཉེར་མིན་པའི་གནས་ཚུལ་ལ“12345”སྲིད་གཉེར་ཞབས་ཞུའི་སྐུད་ལམ་ལ་ཁ་པར་གཏོང་བའི་ཡང་དག་པའི་བྱེད་ཐབས་སོགས་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡང་དག་སྒོ་ནས110ཉེན་རྟོག་ཞུ་གཏུགས་ཐོན་ཁུངས་བེད་སྤྱོད་དང་། རང་འགུལ་སྒོས110བྱ་བའི་ཁུར་བོ་ཇེ་ཡང་དུ་གཏོང་བར་སྣེ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ནང་ཁུལ་གྱི་མི་སྣའི་འགྲོ་འོང་བྱེད་ས་དང་དཀྱིལ་སྙིང་ཐང་ཆེན། སྲང་ལམ་སོགས་སུ་གཅིག་བསྡུས་དྲིལ་སྒྲོག་བཀོད་སྒྲིག་བྱས། འཕྲེད་བྱང་དང་འགྲེམ་བྱང་། དྲིལ་སྒྲོག་དངོས་རྫས་སྟེར་བ། ཡུལ་དངོས་བློ་འདྲི་སོགས་ཀྱི་རྣམ་པས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་མང་ཚོགས་དང་འབྲེལ་འདྲིས་བྱས། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་སྒོ་འབྱེད་ཉིན་མོ་དང་ཉེན་རྟོག་པའི་གླེང་མོལ། བཞུགས་མོལ། དོགས་གནད་དྲིས་ལན་ཚོགས་འདུ་རྩ་འཛུགས་བྱས་ཏེ། དེང་རབས་སྨྱན་བྱད་བྱེད་ཐབས་དང་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས། མང་ཚོགས་ཀྱིས110སྣེ་ལེན་བྱ་བའི་བསམ་འཆར་ལ་ཉན་པ་དང་། མང་ཚོགས་ཀྱིས་ཉེན་རྟོག་པར་ཞུ་གཏུགས་བྱེད་པའི་ཁྲོད་གནས་པའི་གནད་དོན་དང་བློ་འདྲི་ལ་འགྲེལ་ལན་ཞིབ་མོ་བཏབ་ནས། མི་དམངས་མང་ཚོགས་ཀྱིས110ཉེན་རྟོག་ཞུ་གཏུགས་བྱ་བའི་སེམས་ཁུར་དང་རྒྱབ་སྐྱོར་ཡར་སྐུལ་བྱས།

1111.jpg

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་སུ་ཁྱོན་དྲིལ་སྒྲོག་བྱེད་ས100སྒྲིག་འཛུགས་བྱས་པ་དང་། དྲིལ་སྒྲོག་རྒྱུ་ཆ་ཁྲི15.1ལྷག་བྱིན་ལ། འཕྲེད་བྱང484དང་དྲིལ་སྒྲོག་འགྲེམ་བྱང900བཀོད་སྒྲིག་བྱས་ཤིང་། ཡུལ་དངོས་སུ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་བློ་འདྲི་མི་ཐེངས3000ལྷག་མཁོ་འདོན་བྱས་པ་དང་། མང་ཚོགས་ཁྲི4ལྷག་བྱ་འགུལ་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།