ཀྲུང་གོ་བོད་ཀྱི་དྲ་བ།

༼བརྙན༽སེམས་འགུལ་ཐེབས་པའི་བརྙན་ཐུང་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས8ཉིན་གྱི་ཆུ་ཚོད་20བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དྲག་ཆས་ཉེན་རྟོག་མཚོ་བྱང་ཡན་ལག་རུ་ཁག་ལས་སྒྲུབ་རུ་ཆེན་མིན་ཡོན་རུ་འབྲིང་གི་སྒོ་འགྲམ་དུ་སྐྱེས་པ་ཞིག་གིས་རླངས་འཁོར་སྟེང་ཅ་ལག་ཁ་ཤས་ཕྱིར་བླངས་ནས་ཐང་ལ་བཞག་རྗེས། ལས་སྒྲུབ་སོ་ལྟ་བྱེད་མཁན་གྱི་འཐབ་མོ་པ་ཚོར་དམག་མིའི་གུས་འདུད་ཞུས་ནས་ཁ་བྲལ། ཉིན་དེའི་ལས་སྒྲུབ་འཐབ་མོ་པ་སྒོ་འགྲམ་དུ་སླེབས་སྐབས་ཐང་ནས་འོ་ཇ་ཤོག་སྒམ་གསུམ་དང་། འོ་མ་ཤོག་སྒམ་གསུམ། ཤིང་འབྲས་སླེ་པོ་གསུམ་བཅས་བཞག་པ་དང་། ཤོག་སྒམ་སྟེང་དུ་ཤོག་བྱང་ཞིག་རྙེད་པ་དང་། ཤོག་བྱང་སྟེང་“ལོ་ཟླ་བདེ་འཇགས་ཡིན་པ་དེ་ཁྱེད་ཅག་གི་བླ་མེད་མཛད་རྒྱས་དང་ཁ་བྲལ་ཐབས་མེད་པ་དང་། རླབས་ཆེན་གྱི་དྲག་ཆས་ཉེན་རྟོག་འཐབ་མོ་པར་གུས་འདུད་ཞུ”ཞེས་བྲིས་ཡོད་པ་རེད། མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་ས་ཡོམ་བྱུང་རྗེས་དྲག་ཆས་ཉེན་རྟོག་མཚོ་བྱང་ཁུལ་ཡན་ལག་རུ་ཁག་ལས་སྒྲུབ་རུ་ཆེན་མིན་ཡོན་རུ་འབྲིང་ནི་ས་ཡོམ་བྱུང་སར་ཧོང་ཁྲེང་སོག་རིགས་ཤང་དུ་འབྱོར་བའི་རོགས་སྐྱོབ་དཔུང་སྡེ་ཐོག་མ་ཡིན་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་དུས་ཐོག་ཏུ་ཤང་སྲིད་གཞུང་གི་མཐའ་འཁོར་དུ་གནོད་འཚེ་ཐེབས་པའི་གནས་ཚུལ་གྲལ་བཤེར་བྱས་ཏེ། དུད་ཁྱིམ་རེ་རེ་སོང་ནས་མང་ཚོགས་ལ་གནོད་འཚེ་ཐེབས་ཡོད་མེད་ཀྱི་གནས་ཚུལ་བརྟག་དཔྱད་བྱས་པ་མ་ཟད། གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཞིག་རོ་གཙང་སེལ་བྱེད་རོགས་བྱས་པ་དང་། ལག་ལེན་སྟེང་ནས་དྲག་ཆས་ཉེན་རྟོག་པའི་དྲོད་ཁོལ་མང་ཚོགས་ལ་སྦྱིན་པ་རེད།    ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།