ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཏུའུ་ཅའེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་བཅས་ཚོགས་འདུར་ཞུགས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི《དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལ་ཤུགས་བསྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་བསམ་འཆར》ལག་ལེན་དོན་འཁྱོལ་བྱས་ནས། ལས་འགན་གསར་བ་ཕྲག་ཏུ་ལེན་པ་དང་། བྱེད་སྟངས་གསར་བ་མངོན་པ། རྣམ་པ་གསར་བ་སྒྲུབ་པར་བྱེད་དགོས། ལས་གནས་ལག་བསྟར་རྒྱུན་འཁྱོངས་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱས་ནས། བསམ་བློའི་ཆབ་སྲིད་སྣེ་ཁྲིད་རྒྱ་བསྐྱེད་དང་། རེ་ཞུ་ཐབས་ལམ་ཤར་གཏོང་། ཨུ་ཡོན་གྱིས་གཞི་རིམ་དུ་ཕྱོགས་པ་དང་མང་ཚོགས་དང་ཉེ་བར་བཅར་བའི་དགེ་མཚན་འདོན་སྤེལ་བྱས་ཏེ། རིགས་སོ་སོའི་བསམ་བློ་དང་བྱེད་སྟངས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་སྟེང་གཅིག་གྱུར་བྱེད་དགོས། བྱ་བ་གཙོ་བོར་གྲོས་མོལ་དང་གང་མགྱོགས་ཀྱིས་གྲོས་མོལ་སྲིད་གླེང་གི་རྣམ་པ་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས། སྒྲིག་གཞི་སྒྲིག་སྲོལ་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། གྲོས་མོལ་བྱ་འགུལ་སྔར་ལས་ཚད་ལྡན་དང་ཕན་འབྲས་ལྡན་པ། རྒྱུན་ལྡན་ངང་སྤེལ་བར་བྱེད་དགོས་ལ། གྲོས་གཞི་ལས་སྒྲུབ་ཀྱི་གྲོས་མོལ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློའི་བརྡ་འཕྲིན་བྱ་བར་ཤུགས་སྣོན་དང་། ཐབས་འདོན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཨུ་ཡོན་གྱི་གཙོ་ཁྲིད་བྱེད་ནུས་འབུར་ཐོན་དུ་བྱེད་པ་དང་། སློབ་སྦྱོང་གསོ་སྦྱོང་། རྟོག་ཞིབ། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་སྟེགས་བུ་འཛུགས་སྐྲུན་དང་། ཨུ་ཡོན་གྱི་འགན་ནུས་ལག་བསྟར་གནས་ཚུལ་བསྡོམས་རྩིས་དང་། དཔྱད་འཇོག་དང་སྐུལ་ལྕག་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཨུ་ཡོན་གྱི་འགན་ནུས་ལག་བསྟར་གྱི་སྒུལ་ཤུགས་སྐུལ་སྤེལ་གཏོང་དགོས། རང་སྟེང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། ཏང་གིས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣོན་བྱེད་པ་རྒྱུན་འཁྱོངས་དང་ཇེ་དྲག་དུ་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་ཡིན་པའི་སྲིད་གྲོས་ཀྱི་ཏང་གི་སྣ་སོ་སོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཏང་ཙུའུ་ཡི་མགོ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ་དང་། ད་ཡོད་ཀྱི་སྲིད་གྲོས་ལས་ཁུངས་དང་།ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྟོབས་ཤུགས་གཅིག་སྒྲིལ་ལེགས་པོ་དང་བེད་སྤྱོད་བཟང་བོ་བྱས་ནས། ཏང་འཛུགས་སྣེ་ཁྲིད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།