ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་ལ་ལོག་མཁན་གྱི་ཡུལ་སྐོར་པ་ཚང་མར་ངེས་པར་དུ་ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་དཔང་ཡིག་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨའོ་སྨི་ཁེ་རོང་གཞན་འགྱུར་རིམས་ནད་འགོས་ཁྱབ་ལ་ནན་གྱིས་སྔོན་འགོག་དང་ཕྱིར་སྐྱོད་ཡུལ་སྐོར་པའི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། ཟླ1པོའི་ཚེས10ཉིན་ཟི་ལིང་གནམ་གྲུ་འབབ་ཐང་གིས་ཕྱིར་སྐྱོད་དྲན་སྐུལ་གསར་བ་སྤེལ་ཏེ། མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་ལ་ལོག་མཁན་གྱི་ཡུལ་སྐོར་པ་ཚང་མར་ལུས་དྲོད་འཇལ་བ་དང་། བདེ་ཐང་ཨང་རིས་དང་ལམ་ཐིག་ཨང་རིས་གཉིས་ལ་ཞིབ་བཤེར་ནན་མོ་བྱ་དགོས་པ་མ་ཟད། ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དགོས་པ་དོན་འཁྱོལ་ནན་མོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

འགྲུལ་པ་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་ནང་འཛུལ་སྐབས། ངེས་པར་དུ་ལུས་དྲོད་འཇལ་བ་དང་ལེན་བྱེད་དགོས་ཤིང་། རང་འགུལ་ངང་བདེ་ཐང་ཨང་རིས་དང་ལམ་ཐིག་ཨང་རིས་སྟོན་དགོས་ལ། ལམ་ཐིག་ཨང་རིས་དགོས་པའི་འགྲུལ་པས་ངེས་པར་དུ་ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས་ལ། ཨང་རིས་དམར་པོ་དང་སེར་པོ་ཡིན་པའི་ཡུལ་སྐོར་པ་ཕྱིར་སྐྱོད་པར་ཚོད་འཛིན་བྱེད་དགོས།

མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་ལ་ལོག་མཁན་གྱི་མི་ཚང་མས《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང་4པ)བླང་བྱ་ངེས་པར་དུ་ལག་བསྟར་ནན་མོ་བྱེད་པ་དང་། ལུས་དྲོད་འཇལ་བ་དང་། བདེ་ཐང་གི་ཨང་རིས་དང་ལམ་ཐིག་ཨང་རིས་གཉིས་མཉམ་བཤེར་དང་། “ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་དཔང་ཡིག་ལམ་ལུགས”དོན་འཁྱོལ་ནན་མོ་བྱེད་པ། ཕྱིའི་རྒྱལ་ཁབ་ནས་ཡོང་མཁན་དང་། ཉེན་ཁ་ཆེ་བའི་ས་ཁུལ། རྒྱལ་ནང་གི་རིམས་ནད་ཡོད་པའི་ས་ཁུལ་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་ཚང་མར་གཏན་འབེབས་གཞིར་བཟུང་། ལོགས་སུ་བཀར་ནས་ཞིབ་བཤེར་ནན་མོ་བྱེད་དགོས།

ཐེན་ཅིན་དང་ཞི་ཨན། ཉིན་པའོ། ཀྲིན་ཀྲོའུ། ཧྲིན་ཀྲིན་བཅས་ནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུའི་འགྲུལ་པ་ཡོངས་ལ་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གནམ་གྲུ་འབབ་ཐང་དུ་སྡོད་པའི་ཆེད་གཏོང་ཚན་ཁག་གིས“ཨང་རིས་གཉིས”དང་ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་ལ་ཞིབ་བཤེར་བྱས་ནས། བརྒྱུད་འདྲེན་རམ་ཡང་ན་འགྲོ་རུ་འཇུག་དགོས།

ཟི་ལིང་གནམ་གྲུ་འབབ་ཐང་གིས་རྒྱ་ཆེའི་འགྲུལ་པ་རྣམས་ལ་ཆེད་དུ་དྲན་སྐུལ་བྱས་དོན། ལོ་གསར་སླེབས་ལ་ཉེ་བའི་སྐབས་སུ་གནམ་གྲུ་འབབ་ཐང་གི་ཐོག་ཁང་ནང་ནས་ཕྱིར་སྐྱོད་འགྲུལ་པ་ཇེ་མང་དུ་སོང་བ་དང་བསྟུན་ནས། རིམས་འགོག་བདེ་འཇགས་ལ་འགན་ལེན་བྱ་ཆེད་གནམ་གྲུ་འབབ་ཐང་གི་ཐོག་ཁང་དུ་འཛུལ་སྐབས་ངེས་པར་དུ་ཚད་ལྡན་སྒོས་ཁ་ཐུམ་རྒྱག་པ་དང་། འབར་གས་ཡོད་མེད་ལ་སྔོན་འགོག་ཞིབ་བཤེར་བྱེད་པ། གནམ་གྲུའི་ལས་གཉེར་ས་ཚིགས། བདེ་འཇགས་ཞིབ་བཤེར་བགྲོད་ལམ། གནམ་གྲུའི་ནང་འདུག་པར་ཐོ་འགོད་བྱེད་པའི་སྒོ་སོགས་སུ་གྲལ་བསྒྲིགས་ནས་སྨི1གི་བར་ཐག་འཇོག་པ་དང་། གནམ་གྲུ་འབབ་ཐང་ཐོག་ཁང་ནང་གི་གནས་གང་སར་ལག་པར་དུག་སེལ་བྱེད་པའི་གཤེར་ཁུ་བཀོད་སྒྲིག་བྱས་ནས་དུས་ངེས་མེད་དུ་ལག་པར་དུག་སེལ་བཟང་པོ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།