ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ལེན་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་དོན་དངོས་སྒྲུབ་པ་དང་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆི་ལེན་རྫོང་གིས་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་འབུར་ཐོན་དུ་བྱེད་པ་དང་། མང་ཚོགས་ཀྱི“སེམས་ཁུར་དང་རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་ནས། “ངའི་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཞེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། ལོ་ངོ་གཅིག་རིང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་དང་ཕན་འབྲས་མངོན་པར་སྐུལ་འདེད་བཏང་། 

“རྟོག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ”དང“གཞི་རིམ་དུ་བསྐྱོད་དེ་དམངས་སེམས་གཅིག་ཏུ་སྦྲེལ”བའི་བྱ་འགུལ་སྤེལ་བ་དང་། རྫོང་རིམ་པའི་འགན་ཁུར་བ་གཙོ་བོས་སྣེ་ཁྲིད་དེ་འབྲེལ་འདྲིས་སྡེ་བ་དང་(གཞིས་ཁུལ)དུད་ཁྱིམ་དུ་བསྐྱོད་པ་དང་རྟོག་ཞིབ་ཞིབ་འཇུག་བྱས་ལ། རྟོག་ཞིབ་སྙན་ཞུ16བྲིས་ཤིང་། དམངས་འཚོའི་ལས་དོན་སྣ40ལེགས་སྒྲིག་དང་བསམ་འཆར38བསྡུ་ལེན་བྱས། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་དམིགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་། སྤྱི་བའི་འཕྲོད་བསྟེན་འཛུགས་སྐྲུན། གྲོང་ཁྱེར་ས་ཁོངས་བཅོས་སྐྱོང་དེང་རབས་ཅན་དུ་གཏོང་བ་སོགས་ཀྱི་ལས་དོན་སྣ10དང་འབྲེལ་ནས། དབུལ་ཐར་མཁྲེགས་གཏོར་སྲ་བརྟན་གྱི་གྲུབ་འབྲས་བྱེད་ཐབས་སྣ25དང་དམངས་ཕན་བྱེད་ཐབས་སྣ91བཏོན་ནས། མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་གནད་དོན148ཐག་གཅོད་བྱས་པ་དང་།སྔ་གཞུག་ཏུ་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར7བརྩོན་ལེན་བྱས་ཏེ། གཞིས་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བཅོས་བསྒྱུར་དང་། པ་པའོ་གྲོང་རྡལ་ཧའེ་ནན་སྲང་ལམ་དང་དེའི་ཡན་ལག་གཞུང་ལམ་འཛུགས་སྐྲུན། མུ་རི་གྲོང་རྡལ་མཛེས་པའི་མཁར་གྲོང་འཛུགས་སྐྲུན། མཁར་ནུབ་ཀྱི་གཅིག་བསྡུའི་དྲོད་འདོན་བཟོ་སྐྲུན་སོགས་གཙོ་གནད་ལས་གཞི་སྣ33ལག་བསྟར་བྱས།

“ངའི་ལས་གནས་ལ་ངས་འགན་ཁུར་བ་དང་། ང་རང་ལས་གནས་སུ་ཡོད་པས་ཁྱོད་སེམས་བདེ་མོ་བྱོས”ཅེས་པའི་ལས་གནས་སུ་བྱས་རྗེས་འཇོག་པའི་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག45ཡི་ཏང་ཡོན1200རྩ་འཛུགས་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་དང་བླངས་ཞབས་ཞུའི་བྱ་འགུལ་དང་ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ། ཉེ་ས་ནས་རེ་ཞུ་དང་ལས་སྒྲུབ་བྱེད་ས་མང་བ། ས་ཁོངས་ཡོངས་ཀྱི་གྲངས་འཛིན་ཞབས་ཞུའི་མ་ལག་སྒྲིག་འཛུགས་བྱས་ཏེ། ལས་སྒྲུབ་གོ་རིམ་ཇེ་ལེགས་དང་ལས་སྒྲུབ་ཕན་འབྲས་མཐོར་འདེགས་སུ་བཏང་ལ། ཁྲལ་གཉེར་རེ་ཞུ་ལས་སྒྲུབ་དང་སྤྱི་ཚོགས་རོགས་སྐྱོར། རླངས་འཁོར་ཞིབ་བཤེར་ལས་གཉེར་སོགས་ཀྱི་ལས་དོན17423སྒྲུབ། སྒོ་འགྲམ་དུ་ལས་སྒྲུབ་བྱེད་པ་དང་ཁ་ཆད་ལས་སྒྲུབ། དུས་བཀག་ལས་སྒྲུབ་སོགས་ཀྱི་དམངས་ཕན་ཞབས་ཞུ་སྒྲུབ་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་། དཀའ་གནད་གནད་དོན95ཐག་གཅོད་བྱས། ཏང་ཡོན་དཔེ་སྟོན་ལས་གནས་དང་ཚན་རྩལ་ཁྱབ་གདལ་ལས་གནས། ཕྱུག་འགྱུར་དཔེ་སྟོན་ལས་གནས། བརྡ་འཕྲིན་ཁྱབ་བསྒྲགས་ལས་གནས་སོགས་ལས་གནས120སྒྲིག་འཛུགས་བྱས་པ་དང་། “དཔལ་ཡོན་སྒེའུ་ཁུང”13དང“དཔལ་ཡོན་དཔེ་ལེགས་མི་སྣ”11བདམས་ཏེ། སྒེའུ་ཁུང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།