ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་ལས་བྲོས་བྱོལ་ཉེས་ཅན་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG1476.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན་གྱི་ཆུ་ཚོད1དང་སྐར་མ45ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་ཚད་རིམ6.9ཅན་ཞིག་བྱུང་བ་དང་། གཏིང་ཚད་སྨི10ཟིན་ཡོད་པ་རེད། 

ས་ཡོམ་བྱུང་ནས“གཉིད་ལས་སད་པའི”ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་གཞུང་དུ་ཉེན་གཡོལ་བྱེད་པར་སོང་བ་དང་། དེ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཆུས་སྤྱི་བདེ་ཡན་ལག་ཅུའུ་གྱི་ཉེན་རྟོག་པ་ཁྲོམ་གཞུང་དུ་སྐོར་ཞིབ་བྱེད་པར་བསྐྱོད་སྐབས་ཉེན་གཡོལ་བྱེད་པའི་མི་ཚོགས་ཁྲོད་ལོ་མང་པོར་བྲོས་བྱོལ་བྱས་པའི་ཉེས་ཅན་ཞིག་མཐོང་བ་དང་འཛིན་བཟུང་བྱས།

སྐོར་ཞིབ་བྱེད་པའི་སྐབས་སུ་ངོ་ཤེས་པའི་ངོ་གདོང་ཞིག་སྐོར་ཞིབ་མི་སྣའི་མིག་ལམ་དུ་མངོན་བ་དང་། མི་དེའི་ཁ་རས་བརྒྱབ་ཡོད་ནའང་། སྐོར་ཞིབ་ཉེན་རྟོག་པས་བུད་མེད་དེའི་མདུན་དུ་བསྐྱོད་དེ་འདྲི་རྩད་དང་དཔྱད་བསྡུར་བྱས་རྗེས། མིང་ལ་དབྱང་ཞེས་པའི་བུད་མེད་དེ་ནི་ལོ8ཡར་སྔོན་དུ་གཞན་ལ་ཁ་བསླུས་བརྒྱབ་པས་སྤྱི་བདེ་ལས་ཁུངས་ཀྱི་དྲ་སྟེང་དུ་བདའ་འདེད་བྱེད་པའི་ཉེན་ཅན་ཡིན་པ་གཏན་འཁེལ་བྱས་རྗེས་དུས་ཐོག་ཏུ་འཛིན་བཟུང་བྱས་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།