ཁྲ་ཆིན་ཅིའུ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་རྟོགས་སྒོས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྲིད་གྲོས་ཨུ་ཡོན་གྱི་བཞུགས་མོལ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཁྲ་ཆིན་ཅིའུ་གྲོས་ཚོགས་སུ་ཞུགས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་།

གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར། ལྗོངས་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཞིབ་དཔྱོད་ལས་ཁུངས་ནས་འཐུས་མི་དང་ཨུ་ཡོན་གདན་དྲངས་ཏེ་བྱེད་སྒོའི་ནང་ཞུགས་ནས་ཞིབ་དཔྱོད་བྱ་བ་བརྡ་ཁྱབ་བཏང་བ་དང་། བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ། འཐུས་མི་དང་ཨུ་ཡོན་གྱི་ལྟ་སྐུལ་དང་ལེན་བྱས་པ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་ནས། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་གདེང་འཇོག་གང་ལེགས་གནང་བ་མ་ཟད། བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་པ་དང་། དམངས་ཆེད་ཁྲིམས་འཛིན་སྲིད་ཇུས་དོན་འཁྱོལ་བྱེད་པ། ཞིབ་དཔྱོད་དཔུང་ཁག་གི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་གྱི་སྤུས་རྟགས་བཏོད་པར་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་བའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། 

ཁྲ་ཆིན་ཅིའུ་ཡིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོང་གིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་རྩ་ཁྲིམས་ཀྱི་ངེས་གནས་ལ་དམིགས་པ། “ལྟ་སྐུལ་པས་སྔར་ལས་ལྷག་པར་ལྟ་སྐུལ་དང་ལེན་བྱེད་དགོས་པའི”འདུ་ཤེས་བརྟན་པོར་འཛུགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་བཅས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་བྱས་ནས་སྔར་ལས་ཧུར་བརྩོན་དང་རང་འགུལ་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། མཐའ་གཅིག་ཏུ་འཐུས་མི་དང་ཨུ་ཡོན་གྱི་ལྟ་སྐུལ་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཐུས་མི་དང་ཨུ་ཡོན་གྱི་ཐུགས་ཁུར་དང་བསྟུན་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་ཁྲིམས་འཛིན་གྱི་དྲང་བདེན་ལ་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་འགན་ལེན། མི་དམངས་ཀྱི་ཞིབ་དཔྱོད་ཀྱི་དོན་དངོས་དམ་འཛིན་བཟང་པོ་བྱེད་པ་བཅས་ལ་བརྟེན་ནས། རང་རྟོགས་སྒོས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།