ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དང་ཞིན་ཅང་གིས་མཉམ་འབྲེལ་སྒོས་དགུན་དུས་ཁོངས་བརྒལ་སྐོར་ཞིབ་སྲུང་སྐྱོབ་བྱ་བ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་དང་ཞིན་ཅང་དགུན་དུས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁོངས་བརྒལ་མཉམ་འབྲེལ་སྐོར་ཞིབ་བྱ་བ་མཇུག་སྒྲིལ་པ་དང་། སྐོར་ཞིབ་སྲུང་སྐྱོབ་མི་སྣས་ས་ངོས་སྐོར་ཞིབ་སྲུང་སྐྱོབ་དང་། མི་མེད་གནམ་གྲུས་རྒྱང་བལྟ་གཉིས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། ཁུ་ནུ་རི་བོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། ཨར་ཅིན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། ན་གོར་མོ། མང་ཨེ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ས་གནས་སུ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས། 

ཐེངས་འདིའི་སྐོར་ཞིབ་སྲུང་སྐྱོབ་ཀྱིས་ས་བབ་མཐོ་ཚད་སྨི3198ནས་སྨི4832བར་གྱི་ས་ཁོངས་ནང་ཁུལ་གྱི་ནགས་ཁུལ་དང་རྩྭ་ཐང་། ས་གཤིས་སྤྱི་གླིང་སོགས་གཙོ་གནད་ཁྱབ་ཁོངས་སུ་སྤེལ་བ་དང་། དམིགས་ཡུལ་ནི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་གཏོར་བརླག་དང་། རི་སྐྱེས་སྲོག་ཆགས་སོགས་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་དྲག་པོ་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་ལ་རྩད་ཞིབ་དང་བྱེ་ཟེགས་སྔོག་འདོན་སོགས་ཀྱི་རིགས་སོ་སོའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྩད་ཞིབ་བྱས། དུས་མཚུངས་སུ། མེ་ཁུངས་དོ་དམ་ཚོད་འཛིན་གཟབ་ནན་བྱས་ཏེ། རིགས་སོ་སོའི་ཉེན་ཁ་རྩད་ཞིབ་བྱས་ནས། མཐའ་མཚམས་སོ་སོའི་སྐོར་ཞིབ་གནས་ཚུལ་ལ་ཤུགས་སྣོན་དང་བརྗེ་རེས་བྱས་པའི་དུས་མཚུངས་སུ། རིགས་སོ་སོའི་ཉེན་ཁ་ཚོད་འཛིན་བྱས།

སྐོར་ཞིབ་སྲུང་སྐྱོབ་བྱ་བར་རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་སྐྱོང་ཁུལ་དང་གྲོང་ཁྱེར། རྫོང། སྲིད་ཨུའི་སྤྱི་བདེ་ལས་ཁུངས་ཀྱི་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག་དང་། ཏུའུ་ལན་རྫོང་སྤྱི་བདེ་ཅུའུ། དེ་མིན་ཞིན་ཅང་པ་ཀྲིག་སྤྱི་བདེ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་དང་། སྐོར་ཞིབ་སྲུང་སྐྱོབ་རུ་ཁག་གིས་མཐོ་སྒང་གི་དབྱང་རླུང་དཀོན་པ་དང་། ཐལ་སྤྱོད་གནམ་གཤིས་སོགས་ཀྱི་དཀའ་ཁག་ཁྱད་དུ་བསད་དེ། སྐོར་ཞིབ་སྲུང་སྐྱོབ་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་པ་དང་། བྱ་འགུལ་ཁྲོད་ཁྲིམས་འགལ་ངང་ནགས་ཁུལ་དུ་བསྐྱོད་པ་དང་། ཁྲིམས་འགལ་ངང་སྔོག་འདོན་བྱེད་པ། ཁྲིམས་འགལ་ངང་རི་དྭགས་རྔོན་པ་སོགས་ནག་ཉེས་བྱ་སྤྱོད་མ་རྙེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།