ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་སྔོན་འགོག་གི་ཤེས་བྱ་ཕྲན་བུ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ཤུན་གྱི་སྲ་བརྟན་མེད་པའི་ཁུལ་ལ་གས་འཐོར་དང་སྣོལ་འཛོལ་བྱུང་བ་དེ་ལ་ས་ཡོམ་འབོད་ཅིང་། ས་ཡོམ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་ཡིན།  མིའི་རིགས་ལ་མིག་སྔར་གནོད་འཚེ་འདི་ལས་སྔོན་འགོག་བྱེད་པའི་ནུས་པ་མེད།ཡིན་ན་ཡང་ང་ཚོས་ནུས་ཐོན་གྱི་ཐབས་ཤེས་བེད་སྤྱད་ནས་ས་ཡོམ་གྱི་གནོད་འཚེ་ཐེབས་ཁྱོན་ཆུང་དུ་གཏང་དགོས།

གཅིག ས་ཡོམ་གྱི་སྔོན་སྣང་།

ས་ཡོམ་གྱི་སྔོན་སྣང地震前兆ཞེས་པ་ནི།ས་ཡོམ་མ་བྱུང་བའི་སྔོན་གྱི་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་ཟེར།དཔེར་ན།ས་ཡོམ་གྱི་བྱ་འགུལ།ས་ངོས་ཀྱི་མངོན་གསལ་འགྱུར་ལྡོག།ད་དུང་ས་འཐེན地磁དང་ས་གློག་སོགས།སའི་གོ་ལའི་དངོས་ཁམས་ཀྱི་རྒྱུན་ལྡན་མིན་པའི་སྣང་ཚུལ།ས་འོག་གི་ཆུའི་འདུག་གནས།ཆུའི་རྫས་འགྱུར་སོགས་ཀྱི་ཐུན་མིན་གྱི་སྣང་ཚུལ་དང་།སྲོག་ཆགས་ཀྱི་རྒྱུན་ལྡན་མི་འདྲ་བའི་བྱ་སྤྱོད་སོགས་ཡོད་།

གཉིས། ས་ཡོམ་གྱི་ཤུགས་ཚད།

ས་ཡོམ་གྱི་ཤུགས་ཚད地震烈度ནི་འགུལ་དབུས་ནས་བར་ཐག་མི་འདྲ་བའི་སྒོ་ནས་ས་ངོས་ཀྱི་བཟོ་སྐྲུན་དངོས་པོ་སོགས་ལ་གནོད་འཚེ་བྱུང་བའི་ཚད་ཅིག་ཡིན་ཏེ།རང་རྒྱལ་ནས་ས་ཡོམ་གྱི་ཤུགས་ཚད་ལ་ཁག་བཅུ་གཉིས་སུ་དབྱེ་བཞིན་ཡོད།ས་ཡོམ་གྱི་ཤུགས་ཚད་དང་ཚད་རིམ震级གཉིས་ནི་གོ་དོན་ཡོངས་སུ་མི་འདྲ་བ་གཉིས་ཡིན།དཔེར་ན་རིམ་པ7.8གྱི་ཐང་ཧྲན་ས་ཡོམ་གྱི་སྐབས་སུ།. ཐང་ཧྲན་གྲོང་ཁྱེར་གྱི་ས་ཡོམ་ཤུགས་ཚད་ནི་ཏུའུ11ཡིན།ཐན་ཅིན་ལྟེ་བའི་གྲོང་ཁུལ天津中心市区གྱི་ས་ཡོམ་ཤུགས་ཚད་ནི་ཏུའུ8དང་ཧྲི་ཅ་ཀྲུང་ནི་ཏུའུ5བཅས་ཡིན།ཤུགས་ཚད་མཐོ་དམན་མི་འདྲ་བ་ལྟར་མི་ལ་ཚོར་སྣང་མི་འདྲ་བ་སྦྱིན་གྱི་ཡོད་པ་འདིར་རགས་བཀོད་བྱས་ན།

ཏུའུ3 མི་ཉུང་ཤས་ལ་ཚོར་སྣང་འབྱུང་སྲིད།

ཏུའུ4-5མི་རྣམས་གཉིད་ཉལ་ཡོད་ཚེ་གཉིད་ལས་དཀྲོགས་སྲིད་ལ་མགོ་ཐོག་གི་བཀར་སྒྲོན་འཁྱོར་སྲིད།

ཏུའུ6 སྣོད་ཆས་སོགས་འགུལ་སྲིད་ལ།ཁང་པ་ལ་གནོད་འཚེ་ཕྲན་བུ་ཐེབས་སྲིད།

ཏུའུ9-10ཟམ་པ་དང་ཆུ་རགས་ལ་གནོད་འཚེ་ཐེབས་སྲིད།   ཁང་པ་ལོགས་སྲིད་ལ།   ས་ངོས་སུ་ཚད་མཐོ་བའི་གས་ཁ་འབྱུང་སྲིད།

ཏུའུ11-12 འཇིག་རྩུབ་རང་བཞིན་གྱི་ཚད་དུ་སླེབས།

གསུམ། ཚོར་ལྡན་ས་ཡོམ་དང་མྱུར་གཡོལ་གྱི་བྱ་སྤྱོད།

ཚོར་ལྡན་ས་ཡོམ་有感地震ཞེས་པ་ནི།ས་ཡོམ་གྱི་རིམ་ཚད་ཅུང་དམའ་ཞིང་མི་རྣམས་ལ་ས་ཡོམ་པའི་ཚོར་སྣང་ཕྲན་བུ་སྦྱིན་སྲིད་པ་ལས་གནོད་འཚེ་དང་གནོད་འཚེ་ཚབས་ཆེན་འབྱུང་མི་སྲིད་པའི་ས་ཡོམ་ལ་ཟེར།

མྱུར་གཡོལ་གྱི་གནད་དོན།

1. ཚོར་ལྡན་ས་ཡོམ་བྱུང་རྗེས།ཁང་པའི་ནང་གི་མི་རྣམས་ཀྱིས་ས་ཡོམ་གྱི་ཚད་རིམ་མི་རྟོགས་པའི་གནས་ཚུལ་འོག་ཏུ།སྔོན་ལ་བདེ་འཇགས་ཀྱི་ས་ཆ་ཞིག་བདམས་ནས། དེ་རུ་ལུས་པོ་བསྒུར་ནས་ས་ཡོམ་གྱི་གནོད་འཚེ་ལས་གཡོལ་དགོས།ས་ཡོམ་བྱུང་ཟིན་རྗེས་མགྱོགས་མྱུར་ཕྱི་རུ་ཐོན་ནས་བརྙན་འཕྲིན་དང་སྒྲ་སྡུད་སོགས་ནས་སྒྲོག་པའི་གསར་འགྱུར་དང་བཀོད་འདོམས་ལ་མཉམ་འཇོག་དགོས།

2.ས་ཡོམ་གྱི་སྣང་ཚུལ་ལ་ཤེས་རྟོགས་བྱ་དགོས།  ཁུངས་མེད་ཀྱི་འཆལ་གཏམ་རང་གིས་ཉན་མི་རུང་ལ་གཞན་ལ་ཡང་བསྒྲགས་མི་རུང།

3.འཇིགས་ཉམས་རང་བཞིན་གྱི་ས་ཡོམ་དང་མྱུར་གཡོལ་གྱི་བྱ་སྤྱོད།

འཇིག་ཉམས་རང་བཞིན་毁灭性གྱི་ས་ཡོམ་ནི་རིམ་པ་མཐོ་ཞིང་མི་གྲངས་མང་པོ་ལ་ཤི་རྨས་སམ་ཤི་རྨས་ཚབས་ཆེན་བྱུང་བ་དང།བཟོ་བསྐྲུན་དངོས་པོ་ལ་གནོད་འཚེ་བྱུང་བའི་ས་ཡོམ་ལ་ཟེར།

མྱུར་གཡོལ་གྱི་གནད་དོན།

1. ཁང་ལེབ་平房བམ་ཁེར་ཐོག་ལ་བསྡད་པའི་མི་ཚོས།ཚད་རིམ་མཐོ་བའི་ས་ཡོམ་འདི་བྱུང་ཚེ།ཕྱི་ལོག་ཏུ་ཁོད་ཡངས་ཤིང་བདེ་འཇགས་ཆེ་བའི་ས་ཆ་ཞིག་བཙལ་ནས་ཉེན་ཁ་ལས་གཡོལ་དགོས།རང་གིས་ཐུབ་ཚོད་ཀྱིས། ཆེ་མཐོའི་བཟོ་བསྐྲུན་དངོས་པོ་དང་སྣོལ་ཟམ་སོགས་ལས་གཡོལ་དགོས་ལ།མཐོ་གློག་སྐུད་པ་高压线དང་།རྫས་འགྱུར་བཟོ་གྲྭ།རླངས་ཐབས་བཟོ་གྲྭ།  དེ་བཞིན་དེ་དག་དང་འབྲེལ་ཡོད་ཀྱི་མཁོ་ཆས་དབར། བར་ཐག་ངེས་གཏན་ཞིག་ཡོད་པ་བྱེད་དགོས།

བྲོས་ཁོམ་མ་བྱུང་ཚེ།  སྒྲོག་ཙེ་དང་ཉལ་ཁྲི་སོགས་སྲ་མཁྲེགས་རང་བཞིན་ལྡན་པའི་ཁྱིམ་ཆས་ཀྱི་འོག་དང་འཁྲིས་སུ་གབ་དགོས་ལ།  ཁྲུས་རས་དང་གྱོན་ཆས་ཀྱིས་ཁ་སྣ་བཀབ་ནས་ཐལ་དུད་སོགས་མ་རྔུབ་པ་བྱེད་དགོས།

2. ཐོག་བརྩེགས་ཀྱི་ཐོག་ཏུ་བསྡད་མཁན་གྱི་མི་ཚོས།ཐབས་ཚང་དང་གསང་སྤྱོད་སོགས་བར་སྟོང་ཆུང་བའི་གནས་སུ་ཡིབ་ནས།ས་ཡོམ་གྱི་གནོད་འཚེ་ཆུང་དུ་བཏང་དགོས།ཡང་ན་གྱང་ཁུག་དང་གྱང་མཚམས་སོགས་ས་ཡོམ་ནས་ཁང་པ་དིམ་ཚེ་ཟུར་གསུམ་གྱི་བར་སྟོང་འབྱུང་སླ་བའི་གནས་སུ་ཡིབ་དགོས།  སྒོ་དང་སྒེའུ་ཁུང་གྱི་འགྲམ་དང་།  ཉི་སྟེགས་阳台སོགས་སུ་བསྡད་མི་རུང་ལ།  གློག་སྐས་ཡོད་ཚེ་དེ་རུ་ཕྱིན་མི་ཉན་པ་མ་ཟད།  ཁང་ཐོག་ནས་དེ་བས་མཆོངས་མི་རུང་།

3. མགྱོགས་མྱུར་གྱིས་མེ་དང་གློག་གསད་ནས་མེ་སྐྱོན་དང་གློག་སྐྱོན་མ་བྱུང་བ་བྱ་དགོས།

4. མཚོ་འགྲམ་དུ་ཡོད་སྐབས་ས་ཡོམ་བྱུང་ཟིན་རྗེས་མཚོ་རླབས་海啸ཡོད་སྲིད་པས།  གང་མགྱོགས་ཀྱིས་མཚོ་འགྲམ་ལས་བྲལ་དགོས།

5. རི་མགོ་རུ་སྤྲོ་འཆམ་བྱེད་བཞིན་ཡོད་སྐབས། རྦབ་རྡོ་དང་རི་ནུར་ལས་གཡོལ་ཆེད།  རི་གཤམ་དང་གཡང་གཟར་ཡོད་སར་འགྲོ་མི་རུང་།  རི་གས་ནས་རྦབ་རྡོ་འགྲིལ་བའི་གནས་ཚུལ་བྱུང་ཚེ།  རྦབ་རྡོ་དང་ཐག་རིང་ཙམ་གྱིས་རྦབ་རྡོ་འགྲིལ་སའི་ཞོགས་གཉིས་ནས་བྲོས་དགོས།

6. རླངས་འཁོར་ལ་བསྡད་ཡོད་ཚེ།  མགྱོགས་མྱུར་གྱིས་སྣོལ་ཟམ་དང་གཡང་གཟར།  གློག་སྡོང་སོགས་ལས་གཡོལ་ནས་ཁོད་སྙོམས་པའི་ཐང་ཞིག་བཙལ་ཏེ་རླངས་འཁོར་ཁ་བཀག་དགོས།

7. ས་ཡོམ་བྱུང་ནས།ཅ་དངོས་ཀྱིས་རང་གི་གཟུགས་པོར་མནན་ཡོད་ཚེ།དེ་ལས་གཡོལ་ཐུབ་མིན་བལྟ་དགོས།ཁྲུས་རས་རླངས་པ་རྙེད་པ་ཡིན་ན་ཁ་སྣ་བཀག་ནས་ཐལ་དུད་ཁ་སྣ་རུ་མི་འགྲོ་བ་བྱེད་དགོས།རྡོ་དང་ལྕགས་སོགས་ཀྱིས་དངོས་པོ་གཞན་ལ་རྡུང་ནས་ཕྱི་རོལ་དང་འབྲེལ་བ་བྱ་གང་ཐུབ་བྱེད་དགོས་པ་ལས་སྐད་ཤུགས་ཆེན་པོས་མི་འབོད་པར་ལུས་ཤུགས་གསོག་འཇོག་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་།སོ་ཕག་སོགས་ཀྱིས་བརྟན་འཇགས་མེད་པའི་དངོས་པོར་བཀར་ནས་མར་མ་ཟགས་པ་བྱ་དགོས་ཏེ།དེ་ལྟར་བྱས་ཚེ།རང་གི་ཚེ་སྲོག་གི་བར་སྟོང་ལ་གཞི་ནས་འགན་ལོན་པའི་ངེས་པ་ཡོད་པས་སོ།།

8. སློབ་ཁང་དུ་སློབ་ཚན་འཚོག་བཞིན་པ་དང་།བཟོ་གྲྭ་སོགས་འདུ་ཚོགས་ས་གནས་སུ་ལས་ཀ་བྱེད་བཞིན་སྐབས།ས་ཡོམ་བྱུང་ཚེ།མགོ་བོ་བཀབ་པ་དང་མིག་བཙུམ་པ་བཅས་བྱས་ནས།འཆད་སྟེགས་དང་།སློབ་སྟེགས།ལས་སྤྱོད་སྒྲོག་ཙེ་།གཞུང་སྤྱོད་ཁྱིམ་ཆས་སོགས་ཀྱི་འོག་ཏུ་གབ་དགོས།

9. ས་ཡོམ་བྱུང་ཚེ་ངེས་པར་དུ་སེམས་འཚབ་བྱ་མི་རུང་།  ང་ཚོས་ཚོར་སྣང་འབྱུང་བའི་ས་ཡོམ་མང་ཆེ་བར་ཚོར་ལྡན་ས་ཡོམ་ཡིན་པས།  ཚབས་ཆེའི་གནོད་འཚེ་ཡོད་པའི་ས་ཡོམ་ཉུང་ཉུང་ཡིན།  དེར་བརྟེན།ས་ཡོམ་བྱུང་ཚེ་སེམས་འཚབ་མི་བྱེད་པར་ཡང་དག་པའི་ཐབས་ཤེས་བེད་སྤྱད་དེ།  གནོད་འཚེ་ལས་གཡོལ་དགོས་པ་ཡིན་ནོ།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།