ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་རང་ཞིང་གི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་རང་ཞིང་གི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། སྟོབས་ཤུགས་ཡོད་རྒུས་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། སྐུལ་འདེད་བཏང་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པ་ནི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཚན་རིག་བཟོ་སྐྲུན་གལ་ཆེན་ཡིན་ལ། མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་འགོག་རའི་མ་ལག་ལེགས་བསྒྱུར་བྱེད་པ། མཚོ་བོད་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ། སའི་གོ་ལའི་ཕྱོགས་སྣེ་གསུམ་པར་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ལོ་བཞིའི་རིང་ལ། ཚན་རྩལ་པུའུ་ཡི་མཛུབ་ཁྲིད་འོག རང་ཞིང་གི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་རང་འགུལ་གྱིས་དེའི་ཁྲོད་ཞུགས་པ་དང་གཞོགས་འདེགས་ནན་མོ་བྱས་པས། བྱ་བ་སྣ་ཚོགས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐད་ནས་དུས་རིམ་རང་བཞིན་གྲུབ་འབྲས་སྐོར་ཞིག་བླངས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐད་ནས། མཚོ་སྔོན་ཟབ་ཞུགས་པ་ཡིན་པ་མ་ཟད། ཕན་ཐོབ་མཁན་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གཉིས་ཟུང་འབྲེལ་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཁྲོད་ཞུགས་པ་དང་ཞབས་འདེགས་ཞུ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་དང་ཟུང་འབྲེལ་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་ཐད་ཞབས་འདེགས་ཞུ་བ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛུགས་ས་བཙལ་ནས། བྱ་བ་སྣ་ཚོགས་བརྟན་བརླིང་སྒོས་བསྒྲུབ་དགོས། ཚན་རིག་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཚན་རིག་པ་རྒན་པའི་མི་དམངས་བསམ་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། སྒེར་མེད་བློས་གཏོང་གི་བླ་མེད་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་པ། འབྲེལ་ཡོད་ལས་འགན་ཕྲག་ཏུ་ལེན་པ། དཀའ་ངལ་ཁྱད་དུ་བསད་དེ། སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་བཟང་བོ་བསྒྲུབ་དགོས། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཚན་རྩལ་འགན་ཁུར་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་གི་ཞབས་ཞུ་སྟེགས་བུ་དང་སྒོ་ཕྱིའི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་རྟེན་གཞི་འཛུགས་པ་དང་། ཚན་རིག་དང་མཐུན་པའི་ལྟ་ཞིབ་དང་གྲུབ་འབྲས་འགྲེམ་སྟོན། ཚན་རྩལ་ཁྱབ་གདལ་སློབ་གསོ་སོགས་ཀྱི་རྩོལ་ནུས་འཐུས་ཚང་དུ་བཏང་སྟེ། ཁྱོན་ཡོངས་དང་གོ་རིམ་ཧྲིལ་བོ་ནས་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་གི་བྱ་བ་སྣ་ཚོགས་ཐད་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་བྱ་བའི་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་འགན་སྲུང་བྱེད་པའི་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། མཉམ་ལས་ལ་ཤུགས་སྣོན་པ་དང་རང་འགུལ་གྱིས་རྗེས་འདེད་པ། འབད་འཐབ་ལྷོད་མེད་བྱས་ནས། གསར་གཏོད་རང་བཞིན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས།

གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཚན་རྩལ་པུའུ་འཐབ་ཇུས་འཆར་འགོད་ཟི་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་གྱི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་གཏམ་བཤད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།