ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་བསྡུས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོའི་གྲོས་ཚོགས་གྲ་སྒྲིག་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ལ། གོ་རིམ་རྗེས་མའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས།

ཀྲང་ཀོང་རོང་གིས་བསྟན་དོན། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་ཞིང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་མགོ་རྩོམ་ས་གསར་བའི་སྐབས་སུ་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཀྱང་ཡིན། བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང་། ངོས་ཤེས་མཐོར་འདེགས་གཏོང་བ་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བྱེད་ཐབས་ཤུགས་ཡོད་ནུས་ལྡན་སྤྱད་དེ། གྲོས་ཚོགས་གྲ་སྒྲིག་གི་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོར་སྒྲུབ་ནས། ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོན་པོས།  དངོས་འབེབས་དམ་འཛིན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་ཤུགས་དྲག་ཏུ་བཏང་ནས། འགན་འཁྲི་དངོས་འབེབས་ཀྱིས་གོམ་སྟབས་གཅིག་གྱུར་དང་སྦྲེལ་མཐུད་དམ་ཟབ་བྱེད་དགོས། ཞིབ་ཚགས་གཙིགས་སུ་བཟུང་ནས། གནས་ས་གཏན་ཁེལ་དང་ལས་འགན་གསལ་འདོན་བྱས་ཏེ། བྱ་བ་སོ་སོའི་ལས་འགན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། གཞི་གཅིག་ཅན་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།  གྲོས་ཚོགས་ཀྱི་སྒྲིག་ལམ་དམ་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ་དང། རྐྱེན་ངན་མཐའ་གཅིག་ཏུ་སེལ་བ་དང་སྒྲིག་ཁྲིམས་དམ་སྲུང་བྱས་ནས། སྲོལ་བཟང་སྤྱོད་གཙང་གི་ཚོགས་ཆེན་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།