ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་གྱི་རྐྱེན་གྱིས་མེ་འཁོར་འདི་དག་གཏོང་མཚམས་བཞག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།
      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་མིན་ཡོན་ལ་ས་ཡོམ་བྱུང་བའི་རྐྱེན་གྱིས། མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱ་ཆེད། 2022ལོའི་ཟླ1པོའི་ཚེས8ཉིན་གྱི་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་གཏོང་བའི་མེ་འཁོར་འཁོར་ཐེངསD55དངD2711། ཐེངསD2701། ཐེངསD2703། ཐེངསD2741། ཐེངསD2749/52། ཐེངསD2751། ཀྲང་ཡེ་འབབ་ཚིགས་ནུབ་མ་ནས་གཏོང་བའི་མེ་འཁོར་འཁོར་ཐེངསD2682དང་། ཅ་ཡུས་ཀོན་འབབ་ཚིགས་ལྷོ་མ་ནས་གཏོང་བའི་མེ་འཁོར་འཁོར་ཐེངསD2742དང་། ཡུས་མིན་ནས་གཏོང་བའི་མེ་འཁོར་འཁོར་ཐེངསD2746། ཏུན་ཧོང་ནས་གཏོང་བའི་མེ་འཁོར་འཁོར་ཐེངསD2758/9ཚང་མ་གཏོང་མཚམས་འཇོག་རྒྱུ་ཡིན། 

ལྕགས་ལམ་སྡེ་ཁག་གིས་རྒྱ་ཆེའི་འགྲུལ་བར་གསལ་འདེབས་བྱ་རྒྱུར། ཁྱེད་ཀྱིས་མེ་འཁོར་འབབ་ཚིགས་དང12306ལ་ཁ་པར་བཏང་ནས་མེ་འཁོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སྤ་སེ་ཉོས་ཟིན་པའི་འགྲུལ་བས་ཉིན30ནང་དུ་རྒྱལ་ཡོངས་ཀྱི་མེ་འཁོར་འབབ་ཚིགས་གང་རུང་ངམ12306དྲ་ཐོག་ནས་རིན་མེད་ངང་སྤ་སེ་ཕྱིར་སློག་ཐུབ། ཁྱེད་ཀྱི་འགྲོ་སྐྱོད་ལ་བར་ཆད་བཟོས་པར། ལྕགས་ལམ་སྡེ་ཁག་གིས་ཁྱེད་ལ་དགོངས་དག་ཞུས་པ་ཡིན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།