ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་དུས་ཐོག་ཏུ་མི་སྐྱོབ་པ་ཨང་དང་པོར་འཇོག་པ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གནོད་སེལ་བྱ་བ་ཚང་མ་ཡག་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་རིམ་པ6.9ཅན་གྱི་ས་ཡོམ་བྱུང་བ་དང་། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་དུས་ཐོག་ཏུ་མི་སྐྱོབ་པ་ཨང་དང་པོར་འཇོག་པ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གནོད་སེལ་བྱ་བ་ཚང་མ་ཡག་པོར་བསྒྲུབ་དགོས་པའི་བླང་བྱ་ནན་མོ་བཏོན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད1དང་སྐར་མ45ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ6.9བྱུང་། ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་དུས་ཐོག་ཏུ་མི་སྐྱོབ་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་། མྱུར་དུ་ས་ཡོམ་གྱི་གནས་ཚུལ་རྩད་ཆོད་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་དང་། གཅིག་གྱུར་བཀོད་འདོམས་བྱེད་པ། ཆེད་ལས་རོགས་སྐྱོབ་བཅས་བྱས་ནས་རྨས་མ་སྐྱོབ་བཅོས་དང་མང་ཚོགས་བཀོད་སྒྲིག འཕྲལ་སྡོམ་ཤར་གཏོང་། རིམས་ནད་འགོག་སྡོམ། ཞོར་ཐོན་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། གནོད་འཚེའི་ཆ་འཕྲིན་དུས་ཐོག་ཏུ་གནད་ལ་ཁེལ་པའི་སྒོ་ནས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་འདེབས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱི་མངགས་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ལི་ཅེ་ཞང་ཡུལ་དངོས་སུ་བསྐྱོད་དེ་ཡོམ་འགོག་གནོད་སེལ་ལས་དོན་ལ་བཀོད་འདོམས་བྱས་པ་རེད། ཞིང་ཆེན་འཕྲལ་སྡོམ་ཨུ་ལྷན་གྱིས་ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད1དང་སྐར་མ50ཡི་སྟེང་དུ། ས་ཡོམ་གྱི་གནོད་འཚེ་རིམ་པ་གཉིས་པའི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་མགོ་ཚུགས། ཞིང་ཆེན་ས་ཡོམ་ཅུའུ་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་སྡེ་ཚན་དང་ལས་ཁུངས་ཀྱིས་འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་བསྟར་བྱས་ནས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཆེད་ལས་སྟོབས་ཤུགས་མགྱོགས་མྱུར་ངང་བསྡུ་རུབ་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་བ་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།