ལ་ཟེ་ཝ་ཆུ་གློག་ས་ཚུགས་ཀྱིས་ཆན་ཝ་ཁྲི420ཡི་ཤོང་ཚད་ཆ་ཚང་སྤྱོད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན། གསར་འགོད་པས་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། 2021ལོའི་ཟླ12པའི་ཚེས28ཉིན། རྨ་ཆུའི་སྟོད་རྒྱུད་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཏེ། ལ་ཟེ་ཝ་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན4པ་ཆུ་ཚོད72ལ་བདེ་བླག་ངང་ཚོད་ལྟའི་འཁོར་སྐྱོད་བྱས་ནས་དངོས་སུ་གློག་གཏོང་མགོ་བརྩམས། རྨ་ཆུ་ཀུང་སིས་ཆུ་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་གཏོང་ཚད་ལ་ཐོལ་བརྒལ་གསར་པ་བྱུང་བ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་གཏོང་ཚད་ཆན་ཝ་ཁྲི1154.24ལ་སླེབས་ཤིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཆན་ཝ་ཁྲི2689.82ལ་སླེབས་པས། དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་གཏོང་བའི་གཞི་ཁྱོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

ཤེས་གསལ་བྱུང་བ་ལྟར་ན། ལ་ཟེ་ཝ་ཆུ་གློག་ས་ཚུགས2003ལོའི་ཟླ11པར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། 2010ལོའི་ཟླ8པར་ཁག་དང་པོའི་འཕྲུལ་ཆས5ཡིས་གློག་གཏོང་མགོ་བརྩམས། ལ་ཟེ་ཝ་ཆུ་གློག་ས་ཚུགས་ཀྱིས་ཆན་ཝ་ཁྲི70ཟིན་པའི་གློག་འདོན་འཕྲུལ་ཚན6སྒྲིག་སྦྱོར་བྱས་པ་དེ་ནི་རྨ་ཆུ་བཞུར་ཁུལ་གྱི་རགས་ཆེས་མཐོ་ཤོས་དང་། སྒྲིག་སྦྱོར་བྱས་པའི་སྤྱི་འབོར་ཆེས་ཆེ་ཤོས། གློག་གཏོང་ཚད་ཆེས་མང་བའི་ཆུ་གློག་ས་ཚུགས་ཞིག་དང་། རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ནུབ་བྱང་གློག་དྲའི་ཆན་ཧྥུའུ750ཡི་དྲ་སྒྲོམ་གྱི་འདེགས་སྐྱོར་གློག་ཁུངས་གལ་ཆེན་ཞིག་ཀྱང་ཡིན། 2021ལོའི་ཟླ11པོའི་ཟླ་མཇུག་བར་ལ་ཟེ་ཝ་ཆུ་གློག་ས་ཚུགས་ཀྱིས་བསྡོམས་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར1349ཡིན་པས། དེ་ནི་ཚད་ལྡན་རྡོ་སོལ་ཏུན་ཁྲི4195.39གྲོན་ཆུང་བྱས་པ་དང་མཚུངས་ལ། དབྱང་གཉིས་ཐཱན་རྫས་ཕྱིར་འབུད་བྱེད་ཚད་ཏུན་ཁྲི10522ཀྱིས་ཉུང་དུ་ཕྱིན་ནས། ཀྲུང་གོའི་ནུབ་རྒྱུད་དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ཆེད་མངོན་གསལ་གྱི་བྱས་རྗེས་བཞག་ཡོད།

རྨ་ཆུ་ཀུང་སིའི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོ་ནས་བཟུང་། རྨ་ཆུ་ཀུང་སིས་ལ་ཟེ་ཝའི་འཕྲུལ་ཆས་རྒྱ་བསྐྱེད་པའི་ལས་གཞིའི་རྣམ་གྲངས་བཟོ་སྐྲུན་གྱི་དུས་མགོའི་ལས་དོན་སྤེལ་མགོ་བཙུགས་ཤིང་། གློག་ཁང་གི་འཁོར་སྐྱོད་འཕྲུལ་ཚན་གྱི་འཁོར་སྐྱོད་གནས་ཚུལ་དངོས་ལ་དམིགས་ནས་དེ་མཚུངས་ཀྱི་ལག་རྩལ་བཟོ་བཅོས་དང་ལེགས་གཏོང་བྱེད་ཐབས་བཏོན་པ་མ་ཟད། སྒྲིག་ཆས་ཀྱི་དྲ་ཐོག་ལྟ་ཞིབ་ཚད་ལེན་ལག་རྩལ་དང་གློག་ཁང་གཞན་དག་གི་རིག་ནུས་ཅན་གྱི་འཛུགས་སྐྲུན་གནས་ཚུལ་དངོས་ལ་གཞིགས་ནས། འཕྲུལ་ཚན་གྱི་རིག་ནུས་ཅན་གྱི་ཚོད་འཛིན་བྱེད་སྟངས་འཚོལ་ཞིབ་ཀྱང་བྱས། “མཚོ་སྔོན་དང་ཧོ་ནན་གྱི་ཐད་གཏོང”གི་ཆེས་མཐོ་གནོན་གྱི་ཕྱིར་གཏོང་བགྲོད་ལམ་གྱི་འདེགས་སྐྱོར་གློག་ཁུངས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ལ་ཟེ་ཝ་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་བཞི་པས་མཐོ་གནོན་སྙོམས་སྒྲིག་དང་། འགུལ་ཚད་ལེགས་སྒྲིག ལས་འཛོལ་གྲ་སྒྲིག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆེས་མཐོ་གནོན་གྱི་ཕྱིར་གཏོང་བགྲོད་ལམ་བདེ་འཇགས་དང་བརྟན་འཇགས་ངང་འཁོར་སྐྱོད་ལ་འགན་ལེན་བྱས་ནས། མཚོ་སྔོན་དང་ཧི་ནན་གྱི་ཐད་རྒྱུག་བཟོ་གྲྭའི་གློག་ཁུངས་ཀྱི་འདེགས་སྐྱོར་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།