ཀྲུང་གོ་བོད་ཀྱི་དྲ་བ།

​ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ལྡན་ལྟ་ཞིབ་དངོས་སུ་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དང་པོ་དང་གཉིས་པ་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ལྡན་ལྟ་ཞིབ་ལས་དོན་སྤེལ། ཟླ1པོའི་ཚེས5ཉིན། ལྟ་ཞིབ་ཚན་ཆུང་གཉིས་ཀྱིས་སྐུལ་སློང་སྙན་ཞུའི་གྲོས་ཚོགས་བསྡུས་པ་དང་། ལྟ་ཞིབ་ཚན་ཆུང་དང་པོའི་ཙུའུ་ཀྲང་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་དང་། ལྟ་ཞིབ་ཚན་ཆུང་གཉིས་པའི་ཙུའུ་ཀྲང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་གཉིས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གཏམ་བཤད་གནང་།

ད་ཐེངས་ཀྱི་རྒྱུན་ལྡན་ལྟ་ཞིབ་ཀྱིས་གཙོ་བོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལྡོག་འདྲེན་བསམ་འཆར་དག་ཐེར་བྱས་པའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱེད་པ་དང་། ལྷག་པར་མང་ཚོགས་ཀྱིས་གླེང་མང་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་མངོན་གསལ་དོད་པོས་དོ་ཁུར་བྱེད་རྒྱུ་རེད། ལྟ་ཞིབ་བྱེད་པར་གཙོ་བོ་མི་རེ་ཟུང་ལ་གླེང་མོལ་བྱེད་པ་དང་། དཔྱད་གཞིར་ལྟ་ཀློག་བྱེད་པ། ཐེར་འདོན་བདག་སྤྲོད་བྱེད་པ། གཞི་རིམ་དུ་ལྟ་ཞིབ་བྱེད་པར་བསྐྱོད་པ་སོགས་ཀྱི་རྣམ་པ་སྤྱད་ཡོད། ལྟ་ཞིབ་མཇུག་བསྒྲིལ་རྗེས་སྙན་ཞུ་བྲིས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་ལ་བརྡ་ལན་སྤྲོད་པ་དང་། རྒྱུན་ལྡན་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་གནད་དོན་རིགས་དབྱེ་ནས་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། ཐག་གཅོད་བྱེད་སླ་བའི་རིགས་འབྲེལ་ཡོད་ཕྱོགས་ཀྱིས་འཕྲལ་མར་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བ་དང་། འབུར་ཐོན་གྱི་གནད་དོན་རིགས་གྱོད་གཞི་ལྟར་རྩིས་སྤྲོད་བྱེད་པ་དང་ཁ་ཆད་གླེང་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དག་ཐེར་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེར་འགན་འཁྲི་བདའ་འདེད་བཏང་ནས་འབྲེལ་ཡོད་དབང་ཚད་དང་གོ་རིམ་ལྟར་འབྲེལ་ཡོད་སྡེ་ཁག་ལ་བསྐྱལ་རྒྱུ་རེད།

ལྟ་ཞིབ་ཚན་ཆུང་གིས2022ལོའི་ཟླ1པོའི་ཚེས5ཉིན་ནས་ཟླ1པོའི་ཚེས14ཉིན་བར་དུ་ལས་རེས་ཁ་པར་སྒྲིག་སྦྱོར་བྱས་ཡོད་དེ། མཚོ་ཤར་གྲོང་ཁྱེར་གྱི་ཁ་པར་ཨང་གྲངས0972-8213379དང་། རྨ་ལྷོ་ཁུལ་གྱི་ཁ་པར་ཨང་གྲངས0973-817808ཡིན་ལ། སྦྲག་སྲིད་ཡིག་སྒམ་ནི། མཚོ་ཤར་གྲོང་ཁྱེར་གྱི་སྦྲག་སྲིད་ཡིག་སྒམ་ཨང་གྲངསA003དང་། རྨ་ལྷོ་ཁུལ་གྱི་སྦྲག་སྲིད་ཡིག་སྒམ་ཨང་གྲངསA002ཡིན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།