2022ལོའི་སྐབས་དང་པོའི“ཁུ་ནུའི་འཆད་ཁྲིད་ཆེན་མོ”མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་གནང་བའི2022ལོའི་སྐབས་དང་པོའི“ཁུ་ནུའི་འཆད་ཁྲིད་ཆེན་མོ”མགོ་བརྩམས་ཤིང་། དཔལ་འབྱོར་རིག་པའི་མཁས་པ་ཡའོ་ཅིན་ཡོན་གྱིས་བརྙན་ལམ་ཐད་གཏོང་བརྒྱུད་ནས《ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་གསལ་འགྲེལ》ཞེས་པ་ཁ་བྱང་ཡིན་པའི་ཆེད་དོན་འཆད་ཁྲིད་བྱས།

ཐེངས་འདིའི་འཆད་ཁྲིད་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་དམ་ཏུ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པ། ན་ནིང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་ལ་དོན་ཟབ་ཅིང་གོ་སླའི་ངང་དབྱེ་ཞིབ་བྱས་པ། ཁུངས་ལུང་ཡོད་པའི་སྒོ་ནས་མིག་སྔའི་དུས་བབ་ལ་དབྱེ་ཞིབ། ཚོགས་འདུའི་ཐོག་བཀོད་འདོམས་དང་བཀོད་སྒྲིག་གལ་ཆེན་བྱས་པ་བཅས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས། འཆད་ཁྲིད་ལ་ཉན་མཁན་གྱི་རང་རེའི་ཞིང་ཆེན་གྱི་ལས་བྱེད་པ་ཚང་མས་གདེང་འཇོག་བཟང་པོ་བྱས། ཚང་མས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་གཡུར་ཟའི་གྲུབ་འབྲས་དང་དངོས་སྒྲུབ་འཆར་གཞིས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས། ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་བརྒྱུད་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་ཤུགས་སླར་ཡང་ཆེ་རུ་ཕྱིན།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་དོ་དམ་ཁེ་ལས་བཅས་ཀྱི་ལས་བྱེད་པ500ཡིས་འཆད་ཁྲིད་ལ་ཉན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།