ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་གྲོང་མིའི་ཐད་སྦྲེལ་ཁ་པར་གསར་སྣོན་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་གྲོང་མིའི་ཐད་སྦྲེལ་ཁ་པར་གསར་སྣོན་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022ལོའི་ལུགས་རྙིང་ལོ་སར་བསླེབ་ལ་ཉེ་བ་དང་བསྟུན་ནས། མང་ཚོགས་ཀྱི་འགུལ་སྐྱོད་དང་རིགས་སོ་སོའི་བྱ་འགུལ་ཇེ་མང་དུ་གྱུར་བ་དང་། མི་དང་དངོས་ཟོག རླངས་འཁོར་བཅས་ཀྱི་འཁོར་རྒྱུག་ཇེ་ཆེར་སོང་བའི་ཁར། རྒྱལ་ནང་གི་རིམས་ནད་འགོག་སྡོམ་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། གྲོང་མི་དང་ཟི་ལིང་ལ་ཡོང་མཁན་དང་ཕྱིར་ལོག་པའི་མི་སྣའི་རིམས་ནད་འགོག་སྡོམ་ཕྱོགས་ཀྱི་འདྲི་རྟོག་དང་བྱ་བར་དུས་ཐོག་ཏུ་ལན་འདེབས་པ་དང་ཐག་གཅོད་གང་ལེགས་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་སྲིད་ཇུས་ཡང་དག་པར་དྲིལ་སྒྲོག་བྱས་ནས། རང་རེའི་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་ཆེད། ཞིབ་འཇུག་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ཆུ་ཚོད24རིང་གི་རིམས་ནད་འགོག་སྡོམ་ཐག་གཅོད་གྲོང་མིའི་ཐད་སྦྲེལ་ཁ་པར་གཅིག་གསར་སྣོན་བྱ་རྒྱུ་ཐག་བཅད། ཁ་པར་ཨང་གྲངས་ནི0971-8279118ཡིན་པ་དང་། དུས་རིམ་སྔོན་མར་བཀོད་སྒྲིག་བྱས་པའི་ཆུ་ཚོད24རིང་གི་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་གྲོང་མིའི་ཐད་སྦྲེལ་ཁ་པར0971-8160107མུ་མཐུད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།  །

ཆེད་དུ་བརྡ་སྦྱོར་བཏང་བ་ཡིན། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་།

2022ལོའི་ཟླ1པོའི་ཚེས4ཉིན། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།