ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དགུ་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན། མཚོ་སྔོན་རྨ་སྟོད་ཀྱི“5·22”ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དགུ་པ་བསྡུས་ནས། 2021ལོའི་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་ལེགས་བསྒྲུབས་བྱས་ཚུལ་ལ་ཕྱོགས་བསྡོམས་བྱས་པ་དང་། 2022ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་དང་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་མ་ཟད་གཏམ་བཤད་གནང་།

གྲོས་ཚོགས་སྟེང་གནོད་ཐེབས་བསྐྱར་འཛུགས་བྱས་པ་ནས་བཟུང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་ཧུར་ཐག་གིས་བྱས་རྗེས་བཞག་ནས་གྲུབ་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་བསྐྱལ་ཐུབ་པར་འགན་ལེན་གང་ལེགས་བྱས་ཡོད་པར་བསྟན། གྲོས་ཚོགས་སྟེང་ད་ལོ་ནི་རྨ་སྟོད་ཀྱི་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ལས་འགན་ཆེས་ལྕི་ལ། གོ་སྐབས་ཆེས་གནད་འགག་གི་ལོ་ཞིག་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས“ལོ་མགོའི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མགོ་འཛུགས་པ་དང་། ལོ་མཇུག་ཏུ་རྣམ་གྲངས་སྤྱིའི་ཆ་ནས་འཛུགས་སྐྲུན་བྱེད་པ་དང་། བསྐྱར་སྐྲུན་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པར་འགན་ལེན་བྱེད་པའི”དམིགས་ཚད་བཟོ་བ་དང་གནོད་ཕྱིའི་བསྐྱར་སྐྲུན་གྱི་ལས་འགན་ཁག་ཏན་ཏིག་གིས་བསྒྲུབ་ནས། ད་ལོའི་གནོད་ཕྱིའི་བསྐྱར་འཛུགས་བྱ་བར་འཕེལ་རྒྱས་ཆེན་པོ་ཡོང་བར་འགན་ལེན་བྱེད་དགོས། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། རྣམ་གྲངས་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་དུས་མགོའི་ལས་གཞི་བསྒྲུབས་ནས། ཟླ་གསུམ་པའི་ཟླ་མཇུག་ཏུ་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་གཞི་རྩའི་ཆ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་ལ། མ་དངུལ་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། མ་དངུལ“རྒྱུག་པ། རྫུ་བ།  ཐིགས་པ། ཤོར་བ”བཅས་ནན་འགོག་བྱེད་དགོས། བསྐྱར་འཛུགས་དང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས། གནོད་ཕྱིའི་བསྐྱར་སྐྲུན་དང་ཐོན་ལས་མཉམ་དུ་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས། བསྐྱར་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། གང་བྱུང་དུ་སྔོག་འདོན་བྱེད་པ་ནན་འགོག་དང་། སྐྱེ་ཁམས་སྲུང་སྐྱོང་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། རྣམ་གྲངས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། བཟོ་སྐྲུན་སྤུས་ཚད་དང་བདེ་འཇགས་ཀྱི་གནད་དོན་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།