ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཚད་གཞི《ཁིལ་མཐོ་བའི་ཆུ་སྤུས་དང་རྫས་འགྱུར་དབྱང་མཁོ་ཚད་ཀྱི་ཚད་འཇལ་གཏན་ཁེལ། ཁིལ་རླུང་འབྱིན་ཐབས》ལ་ཆེད་མཁས་པའི་ཞིབ་དཔྱད་ཁས་ལེན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཚད་གཞི《ཁིལ་མཐོ་བའི་ཆུ་སྤུས་དང་རྫས་འགྱུར་དབྱང་མཁོ་ཚད་ཀྱི་ཚད་འཇལ་གཏན་ཁེལ། ཁིལ་རླུང་འབྱིན་ཐབས》ལ་ཀྲུང་གོའི་ཁོར་ཡུག་ལྟ་ཞིབ་སྤྱིའི་ས་ཚིགས་དང་། ཧུ་པའེ་དང་། ཀྲེ་ཅང་། ཧྲན་ཏུང་། ཧྲང་ཧའེ། ཐེན་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གྲུབ་པའི་ཆེད་མཁས་ཚན་ཆུང་གི་ཞིབ་དཔྱད་ཁས་ལེན་ཐོབ། 

ས་གནས་ཚད་གཞི་ལ་ཆོག་མཆན་ཐོབ་ནས་ཁྱབ་སྒྲོག་བྱས་རྗེས། རང་ཞིང་གི་ཁིལ་མཐོ་བའི་རྫས་འགྱུར་གྱི་དབྱང་མཁོ་ཚད་ཆུ་གཤིས་ལྟ་ཞིབ་ཀྱི་སྟོང་ཆ་བསྐངས་ཏེ། ས་ངོས་ཀྱི་ཆུ་དང་བཟོ་ལས་རྙོག་ཆུའི་ཁྲོད་ཀྱི་ཁིལ་མཐོ་བའི་རྫས་འགྱུར་གྱི་དབྱང་མཁོ་ཚད་ཆུ་གཤིས་ཀྱི་ཚད་འཇལ་གཏན་ཁེལ་ལ་ཐབས་ལམ་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། མཚོ་སྔོན་པོ་སོགས་ཚྭ་མཚོའི་ལྟ་ཞིབ་ཚད་འཇལ་དཔྱད་དཔོག་མ་ལག་ལ་དཔེ་ལྟའི་ལག་རྩལ་གལ་ཆེན་མཁོ་འདོན་བྱས་པ། རྗེས་ཕྱོགས་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་དོ་དམ་སྤེལ་བར་ལག་རྩལ་གྱིས་རྒྱབ་སྐྱོར་དང་ཞབས་ཞུ་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།