ལུགས་གསར་ལོ་སར་སྐབས་ཟི་ལིང་མེ་འཁོར་འབབ་ཚིགས་ཀྱིས་འགྲུལ་བ་མི་ཐེངས་ཁྲི5ལྷག་སྐྱེལ་འདྲེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་ཟི་ལིང་འབབ་ཚིགས་ནས་རྒྱུས་ལོན་པ་ལྟར་ན། ལུགས་གསར་ལོ་སར་སྐབས་སུ་ཟི་ལིང་མེ་འཁོར་འབབ་ཚིགས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས50796སྐྱེལ་འདྲེན་བྱས་ཤིང་། ཉིན་རེར་ཆ་སྙོམས་ཀྱིས་འགྲུལ་བ་མི་ཐེངས་ཁྲི1.2སྐྱེལ་འདྲེན་བྱས་པ་དང་། འགྲུལ་བ་གཙོ་བོ་ནི་ལམ་ཐག་ཐུང་བའི་འགྲུལ་བ་ཡིན་ཞིང་གཙོ་བོ་ན་གོར་མོ་དང་མིན་ཡོན་ཕྱོགས་ཀྱི་རེད།

ལུགས་གསར་ལོ་སར་སྐབས། ཟི་ལིང་མེ་འཁོར་འབབ་ཚིགས་ཀྱིས་ནན་ཏན་སྒོས་འབབ་ཚིགས་ཀྱི་རླུང་རྒྱུ་དུག་སེལ་དང་འབབ་ཚིགས་སུ་འགྲོ་འོང་བྱེད་པའི་འགྲུལ་བའི་ལུས་དྲོད་ཚད་ལེན། ཚ་རྒྱས་མི་སྣའི་འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་སྔོན་འགོག་ཚོད་འཛིན་དངོས་འབེབས་གང་ལེགས་བྱས་པ་མ་ཟད། སྒྲིག་ལམ་རྒྱུན་སྐྱོང་དང་འགྲུལ་བ་ཁ་འགྲེམ་ལས་དོན་ལ་ཤུགས་བསྣན་ཏེ། འགྲུལ་བ་བདེ་བླག་ངང་མེ་འཁོར་དུ་འདུག་པར་རྩ་འཛུགས་བྱས་ནས། འགྲུལ་བར་བདེ་འཇགས་དང་བདེ་ཐང་གི་འགྲུལ་སྐྱོད་ཁོར་ཡུག་ཅིག་བསྐྲུན་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།