ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཞིང་སྡེའི“གསར་སྐྲུན་གཉིས”ཀྱི་རྟིང་རྩོད་འགྲན་བསྡུར་ཆེན་མོ་སྐབས་ལྔ་པའི་་ཁྲོད་ཡང་བསྐྱར་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི་འགྲན་ཞུགས་བརྩམས་ཆོས《མཐོ་སྒང་གི་སྐྱེ་དངོས་ལུག་གསུས་ཤ་མོ་ཐོན་ལས་ཕྲེང་འབྲེལ་གྱི་ལྗང་མདོག་ཞིང་ལས་དཔེ་སྟོན》ལ་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་གཏོད་རྣམ་གྲངས་ཀྱི་གསར་གཏོད་འགྲན་བསྡུར་ཆེན་མོ་སྐབས་ལྔ་པའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ལ་རྩ་འཛུགས་ཕུལ་བྱུང་གི་བྱ་དགའ་ཐོབ། 

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་སྡེའི་ལས་སྐྲུན་གསར་གཏོད་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཞིང་སྡེའི་ལས་སྐྲུན་གསར་གཏོད་དེ་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་སྤུས་འདེགས་ཕན་ཆེ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་དར་རྒྱས་བརྟན་བརླིང་ཡོང་བ། རོང་འབྲོག་པའི་ལས་ཞུགས་འབབ་འཕར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་སྐྲུན་པའི་བྱེད་ཐབས་གལ་ཆེན་དུ་གྱུར།                                                                                                                                                         

 རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། རང་ཞིང་གིས་རྒྱལ་ཡོངས་ཀྱི་ཞིང་སྡེའི“གསར་སྐྲུན་གཉིས”ཀྱི་འགྲན་བསྡུར་ཆེན་མོའི་ཁྲོད་བསྡོམས་པས་བྱ་དགའ་ཨང་གཉིས་པ་གཉིས་དང་། ཨང་གསུམ་པ་གཉིས། ཕུལ་བྱུང་བྱ་དགའ་གསུམ། རྩ་འཛུགས་ཕུལ་བྱུང་བྱ་དགའ་བཞི་བཅས་བླངས་ཡོད། དུས་མཚུངས་སུ། འགྲན་བསྡུར་ཆེན་མོས་འདེམ་སྒྲིག་བྱས་པ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་གཏོད་ཀྱི་སྣེ་ཁྲིད་པ16དང་། དཔེ་མཚོན་རྫོང་བཞི། གླིང་ཁུལ15བཅས་ཞིང་ལས་ཞིང་སྡེ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ལས་ཞིང་སྡེའི་ལས་གཏོད་ཀྱི་གླིང་ཁུལ་གསར་པ་དང་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་གཏོད་ཡུལ་དངོས་གསོ་སྦྱོང་རྟེན་གཞི་རུ་གཏན་ལ་ཕབ་སྟེ། ལས་སྐྲུན་གསར་གཏོད་ཀྱིས་ཞིང་སྡེའི་ལས་ཞུགས་འབབ་འཕར་ལ་སྐུལ་བའི་ལྡབ་འཕར་ཕན་ནུས་ཕུན་སུམ་ཚོགས་པའི་ངང་གློད་གྲོལ་བཏང་བ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།