མཚོ་སྔོན་གྱི་ཁེ་ལས4སྐོར་བདུན་པའི་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་སུ་གྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཉིན་ཤས་སྔོན་ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྡེ་ཁག་བདུན་གྱིས་མཉམ་འབྲེལ་གྱིས་སྐོར་བདུན་པའི་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ལི་ཤི་འབྲུ་སྣུམ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མཚོ་སྔོན་ཏ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཞ་ཧྭ་དབྱི་སི་ལན་ཤའི་བཟའ་བཅའི་ཚད་ཡོད་ཀུང་སི། མཚོ་སྔོན་ཆི་ལེན་ཡེ་ཏཱ་ཕྱུགས་རིགས་ཤའི་བཟའ་བཅའི་ཚད་ཡོད་ཀུང་སི་བཅས་ཁེ་ལས4ཚུད་ཡོད།

རྒྱུས་ལོན་པ་ལྟར་ན། གསར་དུ་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་། ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཚད་གཞི་ཅན་གྱི་ཐོན་སྐྱེད་ཀྱི་སྣེ་ཁྲིད་པ་དང་། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་གྲོང་གསེབ་ཀྱི་རིགས་མང་པོའི་ནུས་པ་མཐོ་རུ་གཏོང་བ་དང་། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་བཙུགས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་མཉམ་འབྲེལ་དང་སྣེ་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཞིང་པའི་ལས་ཞུགས་ཡོང་འབབ་འཕར་བར་སྣེ་ཁྲིད་པ་དང་། ཞིང་པ་སྔར་ལས་མང་པོའི་ཐོན་ལས་ཡོང་འབབ་འཕར་ཏུ་འཇུག་པ་དང་། བརྟན་འཇགས་སྒོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་་འདེད་གཏོང་བ། ཞིང་ལས་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད། །   

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།