2022ལོའི་ལུགས་གསར་ལོ་སར་གྱི་གནང་བའི་སྐབས་སུ་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་ཅིང་གོ་རིམ་ལྡན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་གསར་ལོ་སར་གྱི་གནང་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་རྒྱུན་འཁྱོངས་བྱས་པ་དང་། ཡུལ་སྐོར་ཞབས་ཞུའི་འགན་སྲུང་སྟོབས་དང་ལྡན་ལ། ཡུལ་སྐོར་གོ་རིམ་བདེ་འཇགས་ཚད་ལྡན་ཡིན་པས། སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་ཅིང་གོ་རིམ་ལྡན་ཞིང་། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་ཡུལ་སྐོར་གྱི་གཏུག་བཤེར་ཆེན་པོ་མ་བྱུང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་པ་མི་ཐེངས་ཁྲི40ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱིར་ཁྲི2.7མངོན་འགྱུར་བྱས་ཤིང་། རིམ་པ་སོ་སོའི་སྤྱི་པའི་དཔེ་མཛོད་ཁང་དང་། རིག་གནས་ཁང(ས་ཚིགས)གིས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཐེངས120སྤེལ་ཏེ། མང་ཚོགས་མི་ཐེངས་ཁྲི30ལྷག་ལ་ཞབས་ཞུ་བསྒྲུབས། འདི་ནི་གསར་འགོད་པས་ཟླ1པོའི་ཚེས4ཉིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད། 

རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་བླང་བྱ་ལག་བསྟར་དངོས་འབེབས་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི“དུས་ཆེན་གཉིས”སྐབས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་ལ་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་ཟབ་མོ། དུས་ལྟར་བཀོད་སྒྲིག་བཅས་བྱས་ཏེ་དོ་དམ་ལ་ཤུགས་བསྣན་པ་དང་། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད། ཁྲོམ་རའི་དོ་དམ་བཅས་ཀྱི་བྱ་བ་ནན་མོར་བཟུང་། ལྟ་ལྐུལ་ཚན་ཆུང8བཙུགས་པ་དང་། 2021ལོའི་ཟླ12པའི་ཚེས28ཉིན་ནས་སོ་སོ་ནས་ཐིང་གི་ཐད་གཏོགས་ལས་ཁུངས་དང་། མཚོ་ནུབ། མཚོ་ལྷོ། མཚོ་བྱང་སོགས་སུ་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་དང་ཁྲོམ་རའི་ལྟ་རྟོག་དོ་དམ་ལ་ཡུལ་དངོས་སུ་ལྟ་སྐུལ་རྟོག་ཞིབ་བྱས་ཤིང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གནང་བའི་སྐབས་ཀྱི་ཡུལ་སྐོར་བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་སྤྱོད་དགོས་པའི་བླང་བྱ་བཏོན། དུས་ལྟར“མཚོ་སྔོན་གྱི་རིག་གནས་ཡུལ་སྐོར”གྲངས་འཛིན་ཆེན་མོའི་སྟེགས་བུ་བརྒྱུད་དེ་གནང་བའི་སྐབས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གནས་ཚུལ་སྙོམས་སྒྲིག་རྒྱུས་ལོན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་པA4ཅན་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་དང་གཙོ་གནད་ས་ཁོངས་ཀྱི་དུས་དང་རྣམ་ཀུན་གྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དུས་ལྟར་དང་ཕན་ནུས་ཆེན་པོའི་སྒོ་ནས་མཛེས་ལྗོངས་ཁུལ་གྱི་འཁོར་སྐྱོད་གནས་ཚུལ་ཁོང་དུ་ཆུད་པ་དང་། ཐོལ་བྱུང་དོན་རྐྱེན་དུས་ལྟར་ཡར་ཞུ་ཐག་གཅོད་བཅས་ལ་ཁག་ཐེག་བྱས། དུས་མཚུངས་སུ། མཛེས་ལྗོངས་ཁུལ་དང་མགྲོན་ཁང་། རིག་གནས་འདུ་ཁང་། དྲ་ཁང་སོགས་མི་སྣ་འདུ་ཚོགས་ཆེ་བའི་འདུ་གནས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་ལྟ་སྐུལ་བྱས་ཏེ། བར་ཐག་ཡོད་པའི་ནང་འཛུལ་དང་། སྣོལ་ཡོལ་ལྟ་སྐོར། རེས་འདེམ་ཚ་བརྟག གནས་ཚུལ་ཐོ་འགོད་སོགས་ཀྱི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས། 

ལུགས་གསར་ལོ་སར་གྱི་གནང་བའི་སྐབས་སུ། མང་ཚོགས་ཀྱི“ཁ་གསབ་རང་བཞིན”གྱི་ཕྱིར་བསྐྱོད་འདུན་པ་ཤུགས་ཆེ་ཞིང་། མི་དང་རླངས་འཁོར། དངོས་རྫས་བཅས་ཀྱི་འཁོར་རྒྱུག་ཇེ་མང་དུ་གྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་བསྟུད་མར་གསོན་ཤུགས་རྒྱས་པ། གྲོང་ཁྱེར་གྱི་ཉེ་འགྲམ་གྱི་ཡུལ་སྐོར་དང་། ཁ་བ་དང་འཁྱག་དར་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། ཤུལ་བཞག་མ་ཡིན་པའི་མྱོང་རོལ་ཡུལ་སྐོར་བཅས་ཡུལ་སྐོར་པའི་ཐོག་མའི་དམིགས་བྱར་གྱུར་པ་དང་། ཡུལ་སྐོར་མཛད་སྤྱོད་ལ་སྒེར་གཤིས་ཅན་དང་། ཁྱད་ལྡན་ཅན། ཁྱད་རྟགས་ཅན། སྣ་མང་ཅན་གྱི་འཕེལ་ཕྱོགས་མངོན་ཡོད། ས་གནས་སོ་སོས་ཡུལ་སྐོར་པའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔར་ལས་ལྷག་པར་སྔོག་འདོན་བྱས་པ་དང་། ཁྱད་ལྡན་ཅན་དང་བར་ཁྱད་ཅན། མྱོང་རོལ་རྣམ་པའི་རིག་གནས་ཐོན་རྫས་གསོ་སྐྱོང་བྱས་ཏེ། ཡུལ་སྐོར་པའི་ཁྱད་པར་ཅན་དང་སྒེར་གཤིས་ཅན་གྱི་དགོས་མཁོ་བསྐངས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་དཔལ་ཡོན་དང་། གཞུང་དྲང་ལས་གཉེར་གཞི་གདངས་གཙོ་བོ་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཁག་སྤེལ་ཏེ། ཡུལ་སྐོར་པས་དཔལ་ཡོན་དང་ལྡན་པའི་ཡུལ་སྐོར་ལ་སྣེ་ཁྲིད་བྱས། ཡུལ་སྐོར་གཏུག་བཤེར་ལས་སྒྲུབ་དང་ཕྱིར་ལྡོག་བསམ་འཆར་རྗེས་འདེད་བཅས་ལེགས་པར་བསྒྲུབས་ནས། གནང་བའི་སྐབས་ཀྱི་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་བཟང་པོ་གསར་སྐྲུན་བྱས། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།