ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་ཐད་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར11.29བཏང་ནས“ཁ་གསབ་ཁག་གཉིས”སྤྲད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལས་དོན་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་བཞི་པའི་ཐོག་ནས་ཤེས་གསལ་བྱུང་བར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་མཚོ་སྔོན་ཞིང་ཆེན་ཏུ་བསྡོམས་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར11.29བཏང་ནས་དབང་པོ་སྐྱོན་ཅན་ཁྲི106.79ལ(མི་ཐེངས)ལ“ཁ་གསབ་ཁག་གཉིས”སྤྲད་པའི་ནང་སྒོར་དུང་ཕྱུར་6.52བཏང་ནས་དབང་པོ་སྐྱོན་ཅན་ཁྲི64.94ལ་འཚོ་བའི་ཁ་གསབ་སྤྲད་པ་དང་། སྒོར་དུང་ཕྱུར4.77བཏང་ནས་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་ཁྲི41.85(མི་ཐེངས)ལ་བདག་སྐྱོང་ཁ་གསབ་སྤྲད། རང་རེའི་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་བརྟན་འཇགས་ངང་མཐོ་རུ་ཕྱིན་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་གནད་ཁེལ་ཁམས་གསོ་དང་རམ་འདེགས་ཡོ་ཆས་བཀོད་སྒྲིག་དང་ཞབས་ཞུ་བྱེད་ཚད། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད། སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་བྱིས་པ་སློབ་གྲྭར་ཞུགས་ཚད་སོགས་ཀྱི་སྟོན་གྲངས་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2021ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་བརྩམས་པའི་ལོ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་བརྟན་འཇགས་ངང་མཐོ་རུ་ཕྱིན་ཡོད། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ལ་མ་དངུལ་སྒོར་དུང་ཕྱུར1.74ཞིབ་བཤེར་གཏན་འབེབས་དང་གཏོང་སྤྲོད་བྱས། འཚོ་བར་དཀའ་ངལ་ཡོད་པ་དང་ཁྱིམ་ཚང་ལ་བརྟེན་ནས་ཁ་གསོ་དགོས་པ་མ་གཏོགས་རང་ཁ་རང་གསོ་བྱེད་མི་ཐུབ་པའི་ལས་རིགས་མེད་པའི་དར་མའི་དབང་པོ་སྐྱོན་ཅན18316མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག མ་དངུལ་སྒོར་ཁྲི930བཏང་ནས་རིག་པ་དང་སེམས་པ། ཡན་ལག་ལ་སྐྱོན་ཚབས་ཆེན་ཤོར་བའི་དབང་པོ་སྐྱོན་ཅན2250ལ་གསོ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།