ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་འོས་འགན་ཉེན་རྟོག་རུ་ཁག་ཐོག་མས་སྐོར་ཞིབ་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ12པའི་ཚེས28ཉིན། བཀའ་བརྡ་བསྒྲགས་པ་དང་མཉམ་དུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འོས་འགན་ཉེན་རྟོག་རུ་འབྲིང་གི་རུ་མི15ཁུ་ནུ་ལམ་དང་ཐུན་རིན་ལམ་སོགས་སུ་སོང་ནས་སྐོར་ཞིབ་བྱས་ཏེ་སྡོད་དམངས་ལ་ཞབས་ཞུ་སྒྲུབ་མགོ་བརྩམས།

འོས་འགན་ཉེན་རྟོག་ནི་སྤྱི་བདེ་ལས་ཁུངས་ཀྱིས་དུས་རབས་གསར་བའི“ཧྥིན་ཆའོ་ཉམས་མྱོང”ལག་ལེན་བྱེད་པ་དང་། མཉམ་བཅོས་མཉམ་སྐྲུན་མཉམ་རོལ་གསར་འཛུགས་དང་། དམངས་འགོག་དམངས་བཅོས་ཀྱི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་པ་ཞིག་ཡིན་ལ། སྤྱི་བདེ་ལས་ཁུངས་ཀྱིས་ལས་ཁུངས་སོ་སོའི་བདེ་སྲུང་སྟོབས་ཤུགས་རྩ་འཛུགས་བྱེད་པ་དང་། ཁོངས་གཏོགས་ཁུལ་དུ་འོས་འགན་མཉམ་འབྲེལ་སྐོར་ཞིབ་བྱ་བ་སྤེལ་ནས། སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་གཉེར་རོགས་སྒྲུབ་བྱེད་པའི་བདེ་སྲུང་དཔུང་ཁག་ཅིག་ཡིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ལྔ་བཞི་སྲང་ལམ་མངགས་གཏོང་ཁང་གི་འོས་འགན་ཉེན་རྟོག་རུ་འབྲིང་ནི་རུ་མི15ཡིས་གྲུབ་ཅིང་། རྗེས་ཕྱོགས་ཀྱི་དུས་ཚོད་ངེས་ཅན་ནང་། འོས་འགན་ཉེན་རྟོག་རུ་འབྲིང་གི་རུ་མི15ཡིས་སྤྱི་བདེ་ལས་ཁུངས་ཀྱི་བྱ་བའི་བླང་བྱ་ལྟར། ཁོངས་གཏོགས་ནང་ཁུལ་གྱི་ཆེད་དོན་འཕྲལ་བསྟུན་ཐག་གཅོད་དང་། རིམས་འགོག་རྒྱུན་ལུགས་ཅན་གྱི་འགོག་སྡོམ། སྲང་ལམ་སྐོར་ཞིབ། ཚོང་ལས་ཁུལ་གྱི་ཉེན་ཟོན། གློག་འཕྲིན་མགོ་གཡོག་མགོ་སྐོར་དོགས་ཟོན་དྲིལ་སྒྲོག འགལ་བ་འདུམ་འགྲིག་ཐག་གཅོད་སོགས་ཀྱི་བྱ་བ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།