ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི“ཚོགས་འདུ་གཉིས”ཀྱི་མཐུན་སྦྱོར་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་ཞབས་ཞུའི་འགན་ལེན་བྱ་བ་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་གྱི“ཚོགས་འདུ་གཉིས”ཀྱི་མཐུན་སྦྱོར་གྲོས་ཚོགས་ལ་མགོ་འཛིན་གནང་ནས་སླར་ཡང་གྲོས་ཚོགས་ཀྱི་ཞབས་ཞུ་འགན་ལེན་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་གིས་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་འབྲེལ་ཡོད་གྲ་སྒྲིག་བྱ་བ་བསྒྲུབས་པའི་གནས་ཚུལ་སྙན་སེང་ཞུས།

གྲོས་ཚོགས་སྟེང་འཚོག་ལ་ཉེ་བའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་གནད་འགག་གི་ལོར་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་གྲ་སྒྲིག་བྱ་བར་དམ་འཛིན་བྱས་ཏེ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་མཐའ་འཁྱོངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་བློའི་རྣམ་པ་དང་ཧ་ཅང་འགན་འཁུར་བའི་བྱ་སྤྱོད་གྱི་སྟེང་ནས། བྱ་བ་ཁག་ནན་ཏན་གྱིས་ལེགས་པར་བསྒྲུབ་ཏེ་གྲོས་ཚོགས་བདེ་བླག་ངང་འཚོག་ཐུབ་པར་འགན་ལེན་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་སོ་སོས་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་དང་གྲ་སྒྲིག་བྱ་བར་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་བཟང་པོ་བྱེད་པ་དང་། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས། ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བར་འགན་ལེན་བཅས་བྱེད་དགོས། བྱ་བའི་འགན་འཁྲི་ནན་ཏན་དུ་བཏང་ནས་གྲ་སྒྲིག་བྱ་བར་དམ་འཛིན་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། ཞིབ་ཕྲའི་དོ་དམ་ལ་ཤུགས་སྣོན། སྒྲིག་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བྱ་བ་ཁག་སྦྲེལ་མཐུད་དམ་ཟབ་ཡོང་བར་འགན་ལེན་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་སྟངས་གསར་གཏོད་དང་གྲ་སྒྲིག་དམ་འཛིན་བྱས་ནས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་བླང་བྱ་ཞིང་ཆེན་གྱི“ཚོགས་འདུ་གཉིས”དྲིལ་བསྒྲགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་། ཕྱོགས་ཡོངས། ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱས་ཏེ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམ་ཏུ་དམིགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་དྲང་བདེན་སྲུང་བ་དང་། གསར་གཏོད་བྱེད་པ། ཇུས་འགོད་ཞིབ་ཚགས་བྱེད་པ། མང་ཚོགས་དང་ཉེ་བར་བཅར་བ། གྲུབ་འབྲས་ལ་མཐོང་ཆེན་བཅས་བྱས་ཏེ། ཧུར་ཐག་གིས“ཚོགས་འདུ་གཉིས”ཀྱི་དྲིལ་བསྒྲགས་སྤུས་ཚད་མཐོ་རུ་བཏང་ནས“ཚོགས་འདུ་གཉིས”ཀྱི་དགོངས་དོན་སེམས་ཀྱི་གཏིང་རིམ་ཏུ་ཟུག་པ་བྱེད་དགོས་པར་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།