ཀྲུང་གོ་བོད་ཀྱི་དྲ་བ།

​རྐང་ཐང་སྲང་ལམ5ལ་ཞིང་ཆེན་རིམ་པའི་ཁྱད་ལྡན་རྐང་ཐང་སྲང་ལམ་དུ་གཏན་ཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱི་ཚོང་ལས་རྐང་ཐང་སྲང་ལམ་བཟོ་བཅོས་མཐོར་འདེགས་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་ཚོང་ལས་རྐང་ཐང་སྲང་ལམ་དཔྱད་འཇོག་དམིགས་ཚད》ལྟར། ཞིབ་འཇུག་འཐད་པ་བྱུང་བ་བརྒྱུད། རང་ཞིང་གིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་སེམས་ཀྱི་ཉི་ཟླ་ཚོང་ལས་རྐང་ཐང་སྲང་ལམ་སོགས་སྲང་ལམ5ལ་མཚོ་སྔོན་ཞིང་ཆེན་ཁྱད་ལྡན་རྐང་སྤོ་སྲང་ལམ་དུ་གཏན་ཁེལ་བྱས།

ཚོང་ལས་རྐང་ཐང་སྲང་ལམ་གྱིས་འཛད་སྤྱོད་རིམ་སྤར་དང་ཚོང་རའི་གཙོ་ཁྲིད། ཕྱི་ཕྱོགས་སྒོ་འབྱེད། ཚོང་ར་ཡར་རྒྱས། ལས་ཞུགས་སོགས་སྐུལ་སྤེལ་ཐད་ཧུར་ཐག་གིས་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་དུ་གཞི་ཁྱོན་ངེས་ཅན་ཡོད་པའི་རྐང་ཐང་སྲང་ལམ་གྱི་འཆར་འགོད་བཀོད་སྒྲིག་ཆེ་རུ་གཏོར་བར་སྣེ་ཁྲིད། ཁོར་ཡུག་སྒྲིག་ཆས། བྱེད་ནུས་ངོ་བོ། འགྲིམ་འགྲུལ་སྡེབ་སྒྲིག བརྡ་འཕྲིན་ཅན་སོགས་མ་ལག་རྨང་གཞི་སྒྲིག་ཆས་མཐོར་འདེགས་སུ་གཏོང་བ་དང་། ཚོང་ལས་ཡུལ་སྐོར་རིག་གནས་ལུས་རྩལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་རིམ་པའི་རྐང་ཐང་སྲང་ལམ་མཐོར་འདེགས་བཟོ་བཅོས་ཚོད་ལྟར་རྨང་གཞི་འཇོག་ཆེད། ཁེ་ལས་ཀྱི་རེ་ཞུ་དང་། གྲོང་ཁྱེར་དང(ཁུལ)ཚོང་དོན་སྡེ་ཁག་གིས་འོས་སྦྱོར། ཞིང་ཆེན་རིམ་པའི་བསྐྱར་ཞིབ། ཆེད་མཁས་པའི་ཞིབ་བཤེར། སྤྱི་ཚོགས་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ཅིང་། ཞིབ་འཇུག་འཐད་པ་བྱུང་བ་རྒྱུད། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་སེམས་ཀྱི་ཉི་ཟླ་ཚོང་ལས་སྲང་ལམ་དང་། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཐེན་ཆིའི“ལ་གཞས”རྐང་ཐང་སྲང་ལམ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མནའ་སྟོན་ཡུལ་སྲོལ་སྲང་ལམ། མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧའེ་ཧོང་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་ཡུལ་སྲོལ་སྲང་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏ་ཁྲའེ་ཏན་མརྒཏ་རྐང་ཐང་སྲང་ལམ་བཅས་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་རྐང་ཐང་སྲང་ལམ་དུ་གཏན་ཁེལ་བྱས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།