ཀྲུང་གོ་བོད་ཀྱི་དྲ་བ།

ཅི་གིན་རི་བོའི་མཛེས་ལྗོངས་ཁུལ་དུ་གནའ་བས་ཁེངས་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___photo.tuchong.com_9352889_f_866065715.jpg&refer=http___photo.tuchong.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཅི་གིན་རི་བོའི་མཛེས་ལྗོངས་ཁུལ་དུ་འབྲོག་པ་ཚེ་རིང་རྡོ་རྗེ་ཡིས་ལག་གི་ཁ་པར་ལ་བརྟེན་ནས། རི་དྭགས་གནའ་བ་བརྒྱ་ལྷག་བག་ཡངས་ངང་ཟས་འཚོལ་བ་དང་། རྩེད་འཇོ་རོལ་བཞིན་པའི་རྣམ་པ་བརྙན་བླངས་པ་རེད། གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། དུས་རྒྱུན་མཚོ་ངོས་ལས་སྨི2000ནས་སྨི3000བར་གྱི་བྲག་རི་དང་རྩྭ་ཐང་། གཡང་གཟར་གྲོག་རོང་བཅས་སུ་འཚོ་སྡོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་། ཧི་ནན་རྫོང་གིས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཞིག་གསོ་དང་སྲུང་སྐྱོང་གི་ཐད་སྟོབས་ཤུགས་ཆེན་པོ་བཏང་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་བཅོས་ཐོབ་པ་དང་། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།