ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གཞི་གྲངས་གྲུབ་འབྲས་གཙོ་བོའི་ཐད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གཞི་གྲངས་གྲུབ་འབྲས་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོར་རང་ཞིང་གི་བརྟག་དཔྱད་ཐེངས་གསུམ་པའི་ལས་དོན་གྱི་གནས་ཚུལ་གཙོ་བོ་ཁྱབ་སྒྲོག་དང་ངོ་སྤྲོད་བྱས། 

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པ་ནི་རང་རྒྱལ་དུས་རབས་གསར་པར་བསྐྱོད་རྗེས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཀྱི་བརྟག་དཔྱད་གལ་ཆེན་ཐེངས་ཤིག་ཡིན་ལ། རང་བྱུང་ཐོན་ཁུངས་ཀྱི་ལམ་ལུགས་བཅོས་སྒྱུར་རྗེས་སུ་སྤེལ་བའི་ཆེས་རྙོག་འཛིང་ལྡན་པ་དང་ཆེས་གལ་ཆེ་བའི་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆེ་ཕྱོགས་དང་འབྲེལ་ཞིང་། རྒྱལ་ཁབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཇུས་འགོད་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་གལ་ཆེན་གཏན་འབེབས་བཟོ་བའི་རྩ་བའི་གཞི་འཛིན་ས་ཡིན། རང་ཞིང་གི་བརྟག་དཔྱད་ཐེངས་གསུམ་པ་ནི2018ལོའི་ཟླ9པར་དངོས་སུ་མགོ་བརྩམས་པ་ནས་བཟུང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། “གཞི་གྲངས་ཀྱི་བདེན་དངོས་རང་བཞིན་དགོས་པ་ལས་རྫུན་བཟོ་བྱས་པའི་སྔ་རྗེས་ཀྱི་གཅིག་གྱུར་རང་བཞིན་མི་དགོས་པའི”སྤྱིའི་བླང་བྱ་ལྟར། ཉིན་གྲངས1000ལྷག་གི་རིང་དུ། བསྡོམས་པའི་མི1400ལྷག་རྩ་འཛུགས་བྱས་པ་དང་། སྒོར་དུང་ཕྱིར1.44བཏང་ནས། ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་འགྲོ་སོང་དང་ལག་རྩལ། ཚོང་འགུག་བཅས་ཀྱི་རྣམ་པ་སྤྱད་ཅིང་། སྨི་གཅིག་གི་གསལ་ཚད་ལས་བརྒལ་བའི་སྲུང་སྐར་རྒྱང་ཚོར་བརྙན་རིས་གསར་ཤོས་ཁྱོན་ཡོངས་ནས་བེད་སྤྱོད་པ་ནི་བརྟག་དཔྱད་ཀྱི་གཞི་རིས་སུ་བཟུང་བ། ལས་རིགས་ནང་ཁུལ་གྱི་ཞིབ་འཇུག་བརྡར་གཅོད་དང“མཉམ་འབྲེལ་དྲ་རྒྱ+”ཡི་ཞིབ་དཔྱད་ཕན་ཚུན་ཟུང་འབྲེལ་བྱེད་པའི་བརྟག་དཔྱད་རྐྱེན་སྲོལ་གསར་གཏོད་རང་བཞིན་གྱིས་བེད་སྤྱོད་བྱས་པ། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས་སོགས་ཚད་མཐོ་བའི་ལག་རྩལ་གསར་ཤོས་བཀོལ་སྤྱོད་ཕུན་སུམ་ཚོགས་པར་བྱས་པ། བརྟག་དཔྱད་ཐེངས་གསུམ་པའི་བྱ་བའི་གོ་རིམ་ཚོད་འཛིན་ཐུབ་པ་དང་། སྤུས་ཚད་ལ་ཡིད་རྟོན་རུང་བ། གྲུབ་འབྲས་ལ་བློ་ཁེལ་ཆོག་པ་བཅས་ཕན་ནུས་ལྡན་པར་ཁག་ཐེག་བྱས་ཤིང་། “བརྟག་དཔྱད་ཐེངས་གསུམ་པའི”བྱ་བའི་དམིགས་འབེན་ལས་འགན་ཁག་སོ་སོ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁོངས་རིགས་སོ་སོའི་གནས་ཚུལ་དོན་དང་མཐུན་པར་ཤེས་རྟོགས་བྱུང་ནས་རང་ཚུལ་མཐིལ་རྟོགས་པར་བྱས། བརྟག་དཔྱད་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་དཔྱད་ཞིབ་དང་ཆེད་གཉེར་ལྟ་ཞིབ། ཕྱོགས་གསུམ་པའི་ལས་ཁུངས་ཀྱི་བརྟག་དཔྱད་བདེ་བླང་ངང་བརྒྱུད་ཅིང་། བརྟག་དཔྱད་གཞི་གྲངས་ཀྱི་བདེན་དངོས་དང་ཡང་དག་པ། ཡིད་རྟོན་རུང་བ་བཅས་ལ་ཁག་ཐེག་བྱས།  

རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གཞི་གྲངས་གྲུབ་འབྲས་གཙོ་བོ་ལས་མངོན་པ་ལྟར་ན། 2019ལོའི་ཟླ12པའི་ཚེས31ཉིན་བར། རང་ཞིང་གི་བརྟག་དཔྱད་ཐེངས་གསུམ་པའི་གཞི་གྲངས་གྲུབ་འབྲས་གཙོ་བོ་ལས་ཞིང་ཆེན་ཡོངས་ཀྱི་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི56.42དང་། སིལ་སྡོང་འཛུགས་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི6.23། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི460.36། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི3947.08། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི510.12། གྲོང་ཁྱེར་དང་གྲོང་རྡལ། སྡེ་བ། བཟོ་གཏེར་བཅས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི36.78། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི14.05། ཆུ་ཁོངས་དང་ཆུ་བེད་སྒྲིག་ཆས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི244.66བཅས་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།