ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220104103623.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་གློག་ཤུགས་ཀུང་སི་ནས་ཤེས་གསལ་བྱུང་བར། 2021ལོར“ཐཱན་གཉིས”ཀྱི་དམིགས་ཚད་སྣེ་ཁྲིད་འོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་རྒྱལ་ཁབ་གློག་དྲ་ཀུང་སིའི“གཞི་གཅིག་གཤོག་བཞིའི”འཕེལ་རྒྱས་ཀྱི་ཐབས་ཇུས་ལ་དམ་ཏུ་དམིགས་པ་དང་། གློག་དྲའི་རྨང་གཞིའི་ནུས་རྒྱུ་བཀོད་སྒྲིག་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་མཐར། མཚོ་སྔོན་གྱི་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན།

2021ལོའི་ཟླ11པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི4070ཡིན། དེའི་ནང་རླུང་གློག་དང་ཉི་ནུས་སོགས་ཀྱི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི2485ཡིན་པས། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས61.1%ཟིན་ཡོད། མཚོ་སྔོན་གློག་དྲ་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆེས་མཐོ་བའི་ཞིང་ཆེན་ས་ཁོངས་ཀྱི་གློག་དྲ་རུ་གྱུར། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཚན་རྩལ་གསར་གཏོད་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ལོ་འཁོར་གྱི་སྐབས་གསར་པའི་བཀོད་གཏོང་ལག་རྩལ་རྒྱབ་སྐྱོར་མ་ལག་ཚོད་ལྟ་རིམ་སྤོར་སོགས་གློག་དྲའི་འགག་རྩའི་ལག་རྩལ་རྣམ་གྲངས་མང་པོའི་འགག་སྒྲོལ་ལས་དོན་རྩ་འཛུགས་བྱས་ནས། པར་ཆས་ལེགས་སྒྲིག་གི་ལག་རྩལ་འཚོལ་ཞིབ་དང་བེད་སྤྱོད་བྱས་པས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་ཁྱབ་ཚུལ་ལེགས་སྒྲིག་གི་པར་ཆས་ཚོགས་པ་མཚོ་སྔོན་གྱི་མཚོ་ལྷོ་རུ་བཙུགས་ནས་སྤྱོད་མགོ་བཙུགས་པས་ནུས་རྒྱུ་གསར་པ་དྲ་སྦྲེལ་བེད་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་ཡོད།

ཤེས་གསལ་བྱུང་བར། 2021ལོའི་ཟླ་སྔོན་མ11གི་ནང། ཞིང་ཆེན་ཡོངས་ཀྱིས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར910.3ཡོད་པའི་ནང་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར313.7ཟིན་པ་དེས་བསྡུར་ཚད34.5%ཟིན་པ་དང་། དུས་མཚུངས་ལས་བཅུ་ཆ་བཞི་ལ་ཉེ་བ་འཕར་ཡོད། ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར276.8ཟིན་ཡོད། མཚོ་སྔོན་གློག་དྲའི་ནུས་རྒྱུ་གསར་པའི་ཉིན་རེའི་གློག་གཏོང་ཚད་དང་ནུས་རྒྱུ་གསར་པའི་གློག་གཏོང་ཤུགས་ཀྱིས་བསྟུད་མར་ཐེངས5ལ་ཟིན་ཐོ་གསར་པ་བསྐྲུན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།