ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་བརྟན་འཇགས་བདེ་ཐང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ12པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཅུའུ་ནས་ཤེས་གསལ་བྱུང་བར། 2021ལོ་ནས་བཟུང་། རང་རེའི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་སྡེ་ཁག་གིས་ལོ་མགོའི་གཏན་འབེབས་དམིགས་འབེན་གྱི་འགན་འཁུར་དམ་འཛིན་བྱས་ནས། རྒྱུན་ཆད་མེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་ཞབས་ཞུ་ལ་ཤུགས་སྣོན་བྱས་པས། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་ལ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། 

རང་རེའི་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་སྲིད་ཇུས་མ་ལག་གི་འདེགས་སྐྱོར་ནུས་པ་ཇེ་མགྱོགས་སུ་གཏོང་ཆེད། རང་རེའི་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཀྱི་ཐབས་ཇུས་ཞིབ་འཇུག(བཟོ་ལས་ས་ཁོངས)》སྒྲིག་བཟོ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི“ཆེད་ཞིབ་ཁྱད་གསར”ཁེ་ལས་ཆུང་འབྲིང་གི་ངོས་འཛིན་དོ་དམ་བྱ་ཐབས》བཟོ་བཅོས་དཔར་འགྲེམས་བྱས། འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་མངོན་འགྱུར་བྱེད་ཆེད། རང་རེའི་ཞིང་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཁོར་ཡུག་ལ་ཕྱོགས་གསུམ་པས་ཚོད་དཔྱད་དཔོག་ཐེངས་དང་པོ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ཀྱི་བཟོ་བཟོས་འཆར་ཟིན་ལ་ཐེངས་མང་པོར་སྤྱི་ཚོགས་དང་། ཁེ་ལས་དང་འབྲེལ་ཡོད་ལས་ཁུངས་ལ་ཁ་ཕྱོགས་ནས་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། ཆེད་མཁས་པས་དཔྱད་ཞིབ་བྱས་ཏེ་གྲོས་མཐུན་བྱུང་།

རང་རེའི་ཞིང་ཆེན་གྱི་ཞབས་ཞུའི་མ་ལག་ཀྱང་རྒྱུན་མཐུད་ངང་འཐུས་ཚང་དུ་འགྲོ་བཞིན་ཡོད་ལ། 2021ལོར་རྒྱལ་ཁབ་རིམ་པའི་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་དཔེ་སྟོན་ལས་སྟེགས4དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ལས་སྟེགས13། ཞིང་ཆེན་རིམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི9བཅས་སྐྱེད་སྲིང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མནའ་འབྲེལ་བཙུགས། 2021ལོའི་ཟླ12པའི་ཚེས10ཉིན་བར། དངུལ་བུན་འཁོར་རྒྱུག་མ་དངུལ་གསོག་རྫིང་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང137ལ་རྒྱུན་མཐུད་དངུལ་བུན་གྱི་འཁོར་རྒྱུག་མ་དངུལ་སྒོར་ཁྲི51401མཁོ་འདོན་བྱས།

གཞན་ཡང་རང་རེའི་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2021ལོར་རྒྱལ་ཁབ་ཀྱི“ཆེད་ཞིབ་ཁྱད་གསར”དང“ཁེ་ལས་པ་ཆུང་ཆུང”གི་ཁེ་ལས1གསར་དུ་འཕར་བ་དང་། ཞིང་ཆེན་རིམ་པའི“ཆེད་ཞིབ་ཁྱད་གསར”གྱི་ཁེ་ལས་ཆུང་འབྲིང14གསོ་སྐྱོང་བྱས་ནས། 2021ལོའི“ཀྲུང་གོའི་ལས་གཏོད་མཁན་”དང“ལང་ཚོ་གསར་གཏོད”ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་རྒྱལ་ཁའི་ངང་བསྒྲུབས་པ་དང་། འོས་སྦྱོར་བྱས་པའི་རྣམ་གྲངས1རྒྱལ་ཡོངས་ཀྱི་རྟིང་རྩོད་ཀྱི་རྩེ་གྲ་ལས་གཞི50ནང་ཚུད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།