ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཡུལ་གཞན་ཚོང་ཚོགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཡུལ་གཞན་ཚོང་ཚོགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཚོང་ཚོགས་དང་ཡུལ་གཞན་མཚོ་སྔོན་ཚོང་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ཞུགས་མི་སྣས་ཚོགས་འདུའི་བརྗོད་དོན་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས།

ཚོགས་ཐོག་ཏུ། ཡུལ་གཞན་ཚོང་ཚོགས་ཀྱི་འགན་ཁུར་མི་སྣ་ལྔས་རང་སྟེང་གི་ཚོང་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དོ་དམ་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། ཚོང་ཚོགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་འཆར་བཏོན་པ་དང་། ཚང་མས་ཡུལ་གཞན་ཚོང་ཚོགས་ཀྱིས་ཚོང་ལ་བརྟེན་ནས་ཚོང་འགུལ་བྱེད་པའི་སྟེགས་བུའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཚོང་དོན་ཕུན་སུམ་ཚོགས་པ་དང་མིའི་དགེ་མཚན་རྒྱབ་རྟེན་ནས། ཁེ་ལས་པ་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ཚོང་སྤེལ་བྱེད་པར་སྣེ་ཁྲིད་དང་ནང་འགུག་བྱེད་པ་དང་། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུའི་ཚུལ་བསྟན།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཚོང་ཚོགས་དང་ཡུལ་གཞན་ཚོང་ཚོགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། འབད་འཐབ་ལྷོད་མེད་བྱེད་པ། དངོས་གཉེར་གསར་གཏོད་བྱས་ཏེ། ཚོང་ཚོགས་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཚོང་ཚོགས་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས། ཏང་འཛུགས་སྤྱིའི་སྣེ་ཁྲིད་དུ་བྱས་ནས།། རྒྱ་ཆེའི་ཏང་ཡོན་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། ཞབས་འདེགས་དམིགས་འབེན་དུ་བྱས་ཏེ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་མི་ཆད་པར་རྒྱ་སྐྱེད་པ་དང་། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། བཞི་བཟང་ཚོང་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་ནས། ཚོང་ཚོགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཧུར་ཐག་གིས་དམངས་གཙོ་སྒོས་ཚོགས་པ་བསྒྲུབ་པ་དང་མཐུན་སྒྲིལ་སྒོས་ཚོང་ཚོགས་བསྒྲུབ་པ། སྒོ་འབྱེད་ངང་ཚོགས་པ་བསྒྲུབ་དགོས། མཉམ་སྤྱོད་སྟེགས་བུ་རུ་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པ་དང་། ཁོངས་གཏོགས་ཁེ་ལས་ཀྱིས་ཚུལ་བསྒྱུར་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་སོགས་ལ་དམིགས་ནས་གྲོས་སྡུར་བརྗེ་རེས་བྱེད་པར་སྣེ་ཁྲིད་བྱེད་པ། ཁོངས་གཏོགས་ཁེ་ལས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། དམངས་གཉེར་ཁེ་ལས་པ་རྒན་པ་ཚོས་ལས་སྐྲུན་ལས་སྲུང་གི་ཉམས་མྱོང་དང་འདུ་ཤེས་མཉམ་སྤྱོད་བྱེད་པར་དོ་སྣང་བྱེད་པ་དང་། ན་གཞོན་དམངས་གཉེར་དཔལ་འབྱོར་མི་སྣས་ཁེ་ལས་པ་རྒན་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་དགོས། ཚོགས་མི་གཙོར་འཛིན་པ་དང་། ཚོགས་མིའི་ཆེད་དུ་སྟེགས་བུ་བཙུགས་ཏེ། ཚོང་ཚོགས་དེ་ཚོགས་མིའི་ཁྱིམ་གཞི་རུ་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།