ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས29ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཏུའུ་ཅའེ། ཀྲང་ཝུན་ཁོས། ཏུའུ་ཏི་ཀྲིའི། ཝང་ཀྲིན་ཁང་། ཀྲང་ཞའོ་རོང་བཅས་ཚོགས་འདུར་ཞུགས།
རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན།གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་《དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་བྱ་བར་ཤུགས་བསྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར》ལག་ལེན་དོན་འཁྱོལ་བྱེད་པ་དང་།ལས་འགན་གསར་བ་དང་།བྱེད་སྟངས་གསར་བ་མངོན་པ།རྣམ་པ་གསར་བ་སྒྲུབ། ལས་གནས་ལག་བསྟར་རྒྱུན་འཁྱོངས་དང་།ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བསམ་བློ་ཆབ་སྲིད་སྣེ་ཁྲིད་རྣམ་པ་རྒྱ་བསྐྱེད་དང་། རེ་ཞུའི་ཐབས་ལམ་ཤར་གཏོང་བྱས་ཏེ། ཨུ་ཡོན་གྱིས་གཞི་རིམ་དང་།མང་ཚོགས་དང་ཉེ་བར་བཅར་བའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། རིགས་སོ་སོ་དང་ལས་རིགས་ཁག་གི་བསམ་བློ་དང་བྱེད་སྟངས་གཉིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་སྟེང་ཐོན་པར་བྱེད་དགོས། གྲོས་མོལ་ལ་དམིགས་ནས། གང་མགྱོགས་ཀྱིས་གྲོས་མོལ་སྲིད་གླེང་གི་རྣམ་པ་འཛུགས་སྒྲུབ་དང་།སྒྲིག་གཞི་སྒྲིག་སྲོལ་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས། གྲོས་མོལ་བྱ་འགུལ་སོ་སོ་ཚད་ལྡན་དང་།ཕན་ནུས་ལྡན་པ།སྔར་ལས་རྒྱུན་ལྡན་ངང་སྤེལ་བར་བྱེད་པ་དང་། མུ་མཐུད་དུ་གྲོས་འདོན་གྲོས་མོལ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་གནས་ཚུལ་དང་།དམངས་ཀྱི་འདོད་བློའི་བརྡ་འཕྲིན་བྱ་བར་ཤུགས་བསྣན་ནས། ཐབས་འདོན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཨུ་ཡོན་གྱི་གཙོ་ཁྲིད་བྱེད་ནུས་འབུར་དུ་བཏོད་པ་དང་།སློབ་སྦྱོང་གསོ་སྦྱོང་དང་།རྟོག་ཞིབ།གྲོས་མོལ་སྲིད་གླེང་།དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ནུས་ཕན་སྟེགས་བུ་འཛུགས་སྒྲུབ་བྱས་ནས། ཨུ་ཡོན་གྱི་འགན་ནུས་ལག་བསྟར་གནས་ཚུལ་བསྡོམས་རྩིས་དང་།དཔྱད་འཇོག་དང་སྐུལ་མ་སོགས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཨུ་ཡོན་གྱི་འགན་ནུས་ལག་བསྟར་གྱི་ནང་གི་སྒུལ་ཤུགས་སྐུལ་སྤེལ་བྱེད་དགོས། རང་སྟེང་འཛུགས་སྐྲུན་ལ་མཐོང་ཆེན་དང་། ཏང་གིས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣོན་དང་རྒྱུན་འཁྱོངས་བྱེད་པ་དང་།ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་སྲིད་གྲོས་ཀྱི་ཏང་གི་སྣ་སོ་སོའི་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཏང་ཙུའུ་ཡི་མགོ་ཁྲིད་བྱེད་ནུས་གལ་ཆེན་འདོན་སྤེལ་དང་དོ་སྣང་། དེ་མིན་ད་ཡོད་ཀྱི་སྲིད་གྲོས་ལས་ཁུངས་དང་།ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྟོབས་ཤུགས་གཅིག་སྒྲིལ་དང་།བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་འཛུགས་ཀྱིས་འགན་ནུས་ལག་བསྟར་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་ཞིག་གསར་སྐྲུན་བྱེད་དགོས་ཞེས་བསྟན།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས།