ཀྲང་ཝུན་ཁོས་ཀྱིས་ཞིན་ཧེ་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གྲོང་གསེབ་དར་སྤེལ་འབྲེལ་གཏུགས་བྱེད་ས་ཧོལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་ཚོད་ལྟའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཀྲང་ཝུན་ཁོས་སྔ་གཞུག་ཏུ་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་། ཆང་ཧྲིན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཡུལ་དངོས་རྟོག་ཞིབ་བྱས་པ་མ་ཟད། གྲོང་རྡལ་དང་སྡེ་བའི“ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”ཏང་ཡོན་ལས་བྱེད་པ།མང་ཚོགས་འཐུས་ཚབ་དང་བཞུགས་མོལ་བརྗེ་རེས་བྱས།ཀྲང་ཝུན་ཁོས་ཀྱིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་དེང་སྐབས་རྫོང་དང་ཤང་གི་བྱ་བའི་ལས་འགན་གཙོ་བོ་ཡིན་ཞིང་།སྤྱི་ཁྱོན་འདུས་ས་ཡང་ཡིན་པས། དམ་དྲག་ཆེ་ཞིང་རྒྱུན་རིང་། ཏང་འཛུགས་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས།སྡེ་བའི་ཏང་ཀྲི་པུའུ་ཡི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། “ཆེད་ལས་མིན་པའི”མཁས་པ་དང་།ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བས་སྡེ་བ་རིམ་པའི་ཐོན་ལས་དང་།ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི“སྣེ་ཁྲིད”དུ་འགྱུར་བ་དང་།རྩ་འཛུགས་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཐུན་མོང་དཔལ་འབྱོར་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྡེ་བའི་བཅོས་སྐྱོང་དམ་འཛིན་དང་།སྡེ་བའི་སྒྲིག་སྲོལ་གྱི་ཧུར་ཐག་བྱེད་ནུས་འདོན་སྤེལ་བྱས་ཏེ། “ཁ་འཐོར་དང་།རྙོག་འཛིང་། མི་ལེགས་པ”སོགས་ཀྱི་གནད་དོན་འདོན་སྤེལ་བྱེད་པ་དང་།ཤང་གི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་དཀྱིལ་སྙིང་རིན་ཐང་ལྟ་བ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕུལ་བྱུང་མི་རིགས་རྒྱུན་འཛིན་དེ་གྲོང་གསེབ་དར་སྤེལ་ཁྲོད་འདྲེས་སུ་འཇུག་པ་དང་། དེང་རབས་ཅན་ལ་ཕྱོགས་པའི་དུས་རབས་གསར་བའི་རོང་འབྲོག་དམངས་གསོ་སྐྱོང་བྱེད་པ་དང་། ཁ་ཕྱོགས་ལས་འགན་གསལ་བོར་བྱས་ཏེ། གང་མགྱོགས་ཀྱིས་ལག་བསྟར་བྱ་ཐབས་དེ་རྫོང་ཏང་ཨུ་དང་།རྫོང་མི་དམངས་སྲིད་གཞུང་ལ་སྤྲད་དེ་ཞིབ་འཇུག་བྱས་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཚོད་ལྟའི་སྒྲིག་སྲོལ་ཚན་རིག་དང་ལྡན་པའི་ངང་འཆར་འགོད་བྱས་ཏེ། ཞབས་ཞུ་འགན་སྲུང་ལེགས་པོར་སྒྲུབ་ནས། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།