ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དེ་བཞིན་ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱིས་ཐུན་མོང་སྒོས་གཙོ་སྒྲུབ་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི”རྩོམ་བསྡུའི་བྱ་དགའ་སྤྲོད་པ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས། གྲོང་ཁྱེར(ཁུལ)སོ་སོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། མཚོ་སྔོན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་རིག་གཞུང་ལྷན་ཚོགས་ཀྱིས་ཟི་ལིང་དུ་ཡོད་པའི་ལས་འཛིན་དང་། ཆེད་མཁས་པ། བྱ་དགའ་ཐོབ་པའི་རྩོམ་པ་པོ་སོགས་བགྲོ་གླེང་ནང་ཞུགས་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་རྩོམ་པ་པོར་བྱ་དགའ་སྤྲད།《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་སྒྲིག》ནང་བདམས་པའི་དཔྱད་རྩོམ་རྩོམ་པ་པོའི་འཐུས་མི6གིས་གཏམ་བཤད་སྤེལ་རེས་བྱས།
ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་གསུང་རྩོམ་དང་ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོ། ཏང་གི་ལོ་རྒྱུས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ད་ལོའི་ཟླ6པར་ཞིང་ཆེན་ཏང་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་བཅས་ཀྱིས་མཉམ་འབྲེལ་གྱིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི”རྩོམ་བསྡུའི་བྱེད་སྒོ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་ཁོངས་གཏོགས་དང་ཚན་རིག་ཞིབ་འཇུག་ལས་ཁུངས། ཏང་གི་ལོ་རྒྱུས། ཏང་འཛུགས་སྐྲུན་ཁྱབ་ཁོངས་བཅས་ཀྱི་ཞིབ་འཇུག་མི་སྣ། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ལ་ཕྱོགས་ནས་རྩོམ་ཡིག་བསྡུ་བ་ཡོངས་བསྒྲགས་བྱས་པར། སྤྱི་ཚོགས་ལས་རིགས་སོ་སོས་སྤྲོ་སེམས་འཁོལ་བའི་བརྡ་ལན་དང་བརྩེ་སེམས་མཚོན་པའི་རྒྱབ་སྐྱོར་བྱས། རྩོམ་བསྡུའི་བྱེད་སྒོ་སྤེལ་སྐབས་ཞིང་ཆེན་ཕྱི་ནང་ནས་བརྗོད་གཞི་སྣ་ཚོགས་ཀྱི་རྩོམ་ཡིག300ལྷག་འབྱོར་ནས་ཕུལ་བྱུང་དཔྱད་རྩོམ38ལེགས་འདེམས་བྱས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་སྒྲིག》རྩོམ་སྒྲིག་བྱས་ནས། ཏང་གི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པ་རེད།
ཚོགས་ཞུགས་མི་སྣས་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སྐོར་གྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ལོ་རྒྱུས་ཀྱི་རུས་མིང་ལ་ཏང་ཟེར་བ་མཐའ་འཁྱོངས་བྱས་ནས་ངོ་མཚར་ཆེ་བའི་རྣམ་པ་གསར་པ་ཐོན་པར་བྱེད་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པ། ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཡོངས་བཅས་དམ་འཛིན་བྱེད་པ། ཏང་དང་མི་དམངས་ཀྱིས་རིག་གཞུང་དཔྱད་གླེང་འཛུགས་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཐབས་ཇུས་འདོན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི”རྩོམ་བསྡུའི་བྱ་དགའ་སྤྲོད་པ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།