——རྨ་ཆེན་རྫོང་གི“ཅན་བཅུའི”ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་པའི་གཏམ་རྒྱུད།
ཟླ10པའི་ཚེས19ཉིན་གྱི་དུས་ཚོད7དང་སྐར་མ30སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུས་དྭངས་ལག་མངགས་གཏོང་ཁང་གི་སུའོ་ཀྲང་དཔལ་མགོན་སྐྱབས་དང་ལས་གྲོགས་འགའ་སྤྱི་བདེ་ཅུས་ཀྱི་སྒོ་ཁར་འཛོམས་བྱུང་། དེ་རིང་གི་རོགས་སྐྱོར་བྱ་ཡུལ་ནི་སྤྱི་ལེ175ཕན་ཆད་ཀྱི་དྭངས་ལག་ཞང་ཁྲ་ཚོགས་འགབ་མ་སྡེ་བ་རེད། དུས་བཅད་ལྟར་དེ་རིང་ཁོ་ཚོས་སྡེ་མི་རིག་རྡོ་ཚང་ལ་སོང་ནས་ས་ཁང་ཁང་མིག་འགའ་བཤིག་རོགས་བྱ་རྒྱུ་རེད། ཧ་ལམ་དུས་ཚོད་གཉིས་ཙམ་གྱི་རིང་རླངས་འཁོར་ལ་བསྡད་དེ་བྱང་ནས་བྱང་དུ་སོང་མཐར་ཁྲ་ཚོགས་འགབ་མ་སྡེ་བར་སླེབས་བྱུང་། རང་ཁྱིམ་གྱི་སྒོ་ཁར་གཉེན་ཉེར་སྒུག་པའི་རིག་རྡོར་གྱིས“གཉེན་ཉེ”སླེབས་པ་མཐོང་མ་ཐག་དགའ་སྤྲོའི་ངང་བསུ་མ་བྱས། ཁོ་ཚོས་ཁང་པའི་ནང་འོ་ཇ་ཁོལ་མ་དཀར་ཡོལ་གང་རེ་འཐུང་རྗེས་ཅི་ཡང་མི་བཤད་པར་ཡར་ལངས་ནས་ལས་ཀ་ལས་མགོ་བརྩམས། རིག་རྡོར་གྱིས་ཁང་སྟེང་དུ་ལས་ལ་བྲེལ་བའི་ཁོ་ཚོར་ལྟ་ཞོར་དུ་སེམས་འགུལ་ཚད་མེད་ཐེབས་ཤིང་། “ཁ་སང་ཁོ་ཚོས་ར་སྐོར་ནང་ཁོད་སྙོམས་བྱས་པ་དང་། དེ་རིང་ཁོ་ཚོ་ཡང་བསྐྱར་རོགས་བྱེད་དུ་སླེབས་སོང ……”ཞེས་བཤད།
དཔལ་མགོན་སྐྱབས་ནི་མ་གཞིར་ཁྲ་ཚོགས་འགབ་མ་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན། 2019ལོར་རྨ་ཆེན་རྫོང་གིས་རྫོང་དང་ཞང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ43གྱིས“གཉིས་འབྲེལ་མཉམ་སྐྲུན”བྱེད་པ་ཁྱབ་གདལ་བཏང་། ཏང་འཛུགས་སྐྲུན་བྱ་འགུལ་གྱི“མཉམ་སྒྲུབ”དང་དམངས་ལ་ཞབས་འདེགས་ཞུ་བའི“མཉམ་ལས” ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས“མཉམ་སྤྱོད”བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མཉམ་འབྲེལ་སྡེ་བ(སྡེ་ཁུལ)ཡི་ཏང་རྩ་འཛུགས་ལ་རོགས་རམ་བྱས་ཏེ་མགོ་ཁྲིད་ཚན་ཆུང་ཞིག་ལེགས་པོར་འཛུགས་པ་དང་དཔུང་སྡེ་ཞིག་ལེགས་འཛིན་བྱེད་པ། ལམ་ལུགས་ཆ་ཚང་ཞིག་འཛུགས་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་གསལ་པོར་བྱེད་པ། ཡོང་འཕར་ཐབས་ལམ་ཞིག་གསར་དུ་འཚོལ་བ། གནད་དོན་ཚབས་ཆེན་ཁག་ཅིག་ཐག་གཅོད་པ་བཅས་དམིགས་ཡུལ་དུ་བཟུང་ཡོད། ལས་མགོ་བསླངས་པ་དང་བསྟུན་ནས། རྫོང་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ་དང་ཁྲ་ཚོགས་འགབ་མ་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས་ཆ་བསྒྲིགས་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཤིང་། སྡེ་བའི་གནས་ཚུལ་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་དཔལ་མགོན་སྐྱབས་ནི་ཕྱོགས་གཉིས་ཀྱི་འབྲེལ་གཏུག་པར་གྱུར།
དོན་དངོས་སུ་ཆ་བསྒྲིགས་བྱ་བ་སྒྲུབ་མགོ་བརྩམས་པའི་སྐབས་དེ་དག་ཏུ། རིག་རྡོ་ཕར་ཞོག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་བཙུན་ཆོས་ཀྱིས་ཀྱང་སེམས་སུ“སྤྱི་བདེ་ཅུས་ཀྱི་བྱ་བ་ཧ་ཅང་བྲེལ་འཚུབ་ཆེ་བས། ང་ཚོར་ལྟ་སྐྱོང་བྱེད་པའི་ཁོམ་སྐབས་ཤིག་གང་ན་ཡོད”ཅེས་དོགས་གཞི་སྐྱེས་འདུག
དང་ཐོག་ཁོ་ཚོ་ནི་སྡེ་བའི་ནང་ཚོགས་འདུ་འཚོགས་པ་དང་གནས་ཚུལ་རྒྱུས་ལོན་བྱེད་དུ་ཡོང་བ་ཙམ་ཡིན་ངེས་སྙམ་མོད། འོན་ཀྱང་དུས་ཡུན་རིང་པོ་ཞིག་འགོར་རྗེས། བཙུན་ཆོས་ཀྱིས་མི་དེ་དག་ནི་དོན་དངོས་སྒྲུབ་མཁན་ཡིན་པ་དངོས་གནས་ཚོར་བྱུང་། ཟླ་རེར་སྲིད་ཇུས་ཐེངས་རེ་སྒྲོག་འགྲེལ་བྱེད་པའི་ཐད་ནས་ཀྱང་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད། སྒྲོག་འགྲེལ་བྱས་པའི་ཐེངས་གྲངས་མང་ཚེ། སྡེ་མིས་བཅའ་ཁྲིམས་དང་སྲིད་ཇུས་ཀྱང་མང་པོ་ཤེས་ལ། སྐད་ཆ་བཤད་སྟངས་དང་དོན་དག་སྒྲུབ་ལུགས་ཀྱང་སྔོན་ཆད་དང་བསྡུར་ན་གོང་འཕེལ་ཆེན་པོ་བྱུང་ཡོད། དུས་མཚུངས་སུ། ཁྲ་ཚོགས་འགབ་མ་སྡེ་བའི་དོན་དངོས་ལ་ཟུང་འབྲེལ་བྱེད་པ་དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ལམ་ལུགས་འཐུས་ཚང་ཞིག་འཛུགས་པར་མཛུབ་སྟོན་བྱས་ཏེ། སྡེ་བའི་ཏང་ཀྲི་པུའུ་དང་རྩ་འཛུགས་ཀྱི་འཚོ་བ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་སྐྱོད་ཐུབ་པར་བྱས་ལ། རིམ་གྱིས་མི་དེ་དག་ནི་སྡེ་བའི“གཉེན་ཉེར”གྱུར་ཡོད།
“གཉེན་ཉེ”ཞེས་པ་དེ་དོན་མེད་དུ་བོས་པ་ཞིག་ག་ལ་ཡིན།
ཡུལ་གཞན་ལ་གནས་སྤོ་བའི་སྲིད་ཇུས་བརྒྱུད་རྫོང་མཁར་གྱི་འཇིགས་མེད་གཞིས་ཀར་གནས་སྤོས་པའི་སྡེ་མི་ཤཱཀྱ་ལ་དང་ཐོག་སེམས་ཁྲལ་རེ་གཉིས་འདུག་སྟེ། བྱིས་པ་གཉིས་སློབ་གྲྭར་བསྐྱལ་བའི་གནད་དོན་ཐག་བཅད་ནའང་། ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བའི་ཤཱཀྱ་ཡིས་སྐབས་ཤིག་ལ་འོས་འཚམ་གྱི་ལས་ཀ་ཞིག་མ་རྙེད་པ་རེད། གནས་ཚུལ་དེར་རྒྱུས་ལོན་བྱས་རྗེས། མཁར་གྲོང་གི“གཉེན་ཉེ”ཡིས་རྫོང་གི་མཁར་གྲོང་དོ་དམ་སྡེ་ཁག་དང་འབྲེལ་བ་བྱས་པ་བརྒྱུད། ཤཱཀྱ་བཟའ་ཟླ་གཉིས་ཁོར་སྲུང་པར་གྱུར་ཏེ་ཟླ་རེར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་མ་ཟད། གཞན་ད་དུང་སྡེ་མི་དྲུག་ལ་རོགས་རམ་བྱས་ཏེ་ལས་ཀ་རྙེད་པ་རེད།
“གཉེན་ཉེ”ཡིས་རོགས་རམ་བྱས་པ་དེ་ཙམ་གྱིས་ག་ལ་ཚད།
ཁྲ་ཚོགས་འགབ་མ་སྡེ་བ་ནི་རི་སྒང་གི་གྲོག་རོང་ཟབ་མོ་ཞིག་ཏུ་ཆགས་ཡོད་པའི་ཁར། དབྱར་སར་ཡོད་པའི་ལུང་ཤུར་དེ་གསུམ་ནི་སྡེ་མི་དགུན་སར་གནས་སྤོ་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད། གནས་ཚུལ་དེ་ཤེས་རྗེས། རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་སྒོར་ཁྲི12ཞལ་འདེབས་ཕུལ་ནས། སྤྱི་ལེ32ཀྱི་བགྲོད་ལམ་སྟབས་བདེ་ཞིག་བསྐྲུན་ཏེ་སྡེ་མི་རྣམས་ཕྱིར་བགྲོད་པར་སྟབས་བདེ་བཟོས།
ན་ནིང་གི་ཟླ5པར་ཞང་ཐོག་ལ་ལས་འགན་འཁུར་དུ་ཡོང་བའི་དྭངས་ལག་ཞང་གི་ཞང་ཀྲང་གཞོན་པ་ཧུའུ་ཁྲོན་ཉིང་ནི་ཁྲ་ཚོགས་འགབ་མ་སྡེ་བ་འགན་ལེན་བྱས་པའི་ལས་བྱེད་པ་ཞིག་རེད། ཧུའུ་ཁྲོན་ཉིང་དཔང་མི་ཞིག་ཡིན་པའི་ཆ་ནས“ཆ་བསྒྲིགས་མཉམ་སྐྲུན”གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཇུག་མཐའི་སྨི་གཅིག”ཤར་གཏོང་བྱེད་ཐུབ་པར་སྙམ། “སྡེ་བའི་ནང་དུ་འགྲོ་ལམ་ལས་རོགས་བྱེད་པའམ། ཡང་ན་ད་ལོར་ས་འགུལ་བྱུང་རྗེས། ཁང་པ་ཞིག་གསོ་དང་ཇེ་བརྟན་དུ་གཏོང་སྐབས། ཉམས་མྱོང་ལྡན་པའི་ལས་བྱེད་མི་སྣ་མངགས་ནས་དངོས་སྡོད་ལྟ་སྐུལ་དང་། མང་ཚོགས་ཀྱི་ཁང་པ་ཞིག་གསོ་བྱས་པའི་སྤུས་ཀ་དང་འཕེལ་རིམ་ཁག་ཐེག་བྱས་ཏེ། ཏང་ཡོན་ལས་བྱེད་པ་དེ་དག་གིས་མང་ཚོགས་ཀྱི་བྱ་བ་ཡོད་ཚད་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་སྒྲུབ་ཀྱིན་ཡོད།”
གསེར་སྲང་སྟོང་ལས་མང་ཚོགས་ཀྱི་བསྔགས་བརྗོད་ལྷག ད་ལོའི་ཟླ་གཉིས་པར། ལོ་ངོ་བཅུ་ཕྲག་འགའ་ལ་སྡེ་བའི་ལས་བྱེད་པའི་འགན་འཁུར་བའི་བཙུན་ཆོས་ཀྱིས་ལས་འཁྱུར་ངལ་གསོ་བྱས་པ་རེད། དེ་ལྟ་ནའང་། རྒྱུན་དུ་སྡེ་བའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་མཁན་ཁོང་གིས་མི་སུ་ལ་འཕྲད་ཀྱང“རྫོང་གི‘ཆ་བསྒྲིགས་མཉམ་སྐྲུན’གྱི་ལས་བྱེད་ཚན་ཆུང་མང་པོ་ཡོད་མོད། འོན་ཀྱང་ངས་བལྟས་ན་ང་ཚོའི་སྡེ་བའི་ལས་བྱེད་ཚན་ཆུང་ནི་ཆེས་བཟང་པོ་ཡིན་པར་འདོད་ཡོད་ཟེར། །”
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཁར་གྲོང་གི“གཉེན་ཉེ”ཇེ་མང་དུ་སོང་བ།