ཀོས་ནན་རྫོང་གིས་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཚད་གཞི་ལོན་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་གྱི་གསལ་ཐོར་དམིགས་པ་དང་། ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་ལ་དམིགས་ནས་ཕྱོགས་ཡོངས་ཚད་ལྡན་ཡོང་བར་སྐུལ་འདེད་དང་། ཁྱོན་ཡོངས་ནས་འཆར་འགོད་བྱེད་པར་དམ་འཛིན། རིགས་དབྱེ་ནས་མཛུབ་ཁྲིད་བྱེད་པར་དམ་འཛིན། སྤྱི་འདོམས་ལ་སྐུལ་འདེད་བྱེད་པར་དམ་འཛིན་བཅས་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་།

ལས་དོན་ཁྲོད། ཀོས་ནན་རྫོང་གིས་ཕྲེང་འབྲེལ་རྣམ་པའི་འགན་འཁྲི་ནན་དུ་བཏང་སྟེ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱི་འདོམས་འཆར་འགོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། “འཐབ་ས་དང་པོར་བྱ་བ་སྒྲུབ་པའི”ཕྱོགས་སྟོན་མངོན་གསལ་དུ་བཏང་ནས། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་མངགས་གཏོང་བྱས་ནས་དངོས་སྡོད་མཛུབ་ཁྲིད་དང་། མིང་བཀོད་ལྟ་སྐུལ་ཐབས་ཇུས། ཕན་འབྲས་འདྲི་རྩད་བཅས་ལག་བསྟར་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་དང་ཞབས་ཞུའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།

“བརྒྱ་ཆའི་བརྒྱའི་ཚད་ལོན་པར་སྐུལ་འདེད་དང་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བསུ་མ་ཞུ་བའི”དཔྱད་འདེམས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། “ཀྲི་པུའུ་རེ་ལ་ཁྱད་ཆོས་རེ”ཡོད་པའི་བཀྲག་མདངས་འཚེར་ས39བཏོད་པ། “བཀོད་སྒྲིག་ལ་ལྟ་སྐུལ་ཚོད་འཛིན་དང་། མི་མངགས་ནས་མཛུབ་ཁྲིད། ཚད་གཞི་ལྟར་གསར་གཏོད། དཔྱད་ཞིབ་ཞིབ་བཤེར་རྩིས་ལེན”བཅས་ཀྱི་བྱེད་ཐབས་སྤྱད་ནས། “ཏང་ཀྲི་པུའུ་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་བྱ་རྒྱུ”མཐའ་འཁྱོངས་བྱས་ཏེ། ཀྲི་པུའུ་སོ་སོའི་ཉམས་འགྱུར་དང་། རྩ་འཛུགས་ཀྱི་དཔུང་ཁག ཕྱི་ནང་གི་སྣང་བརྙན་གསར་པ་གསར་རྐྱང་དུ་འགྱུར་བ་བྱས། “རྩ་འཛུགས་མཉམ་འཛིན། གནད་དོན་མཉམ་འཚོལ། བྱ་ཐབས་མཉམ་སྤེལ། གནད་དོན་མཉམ་བཅོས”བཅས་ཀྱི་བྱ་ཐབས་སྤྱད་དེ། གྲོང་ཚོ་རིམ་པའི་ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་ཚད་ལྡན་དུ་བཏང་ནས། ལོ་འཁོར་གྱི་གཞི་རིམ་ཏང་གི་ལས་དོན2088ལྷག་ཡོངས་བསྒྲགས་བྱས་པ་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།