མཚོ་སྔོན་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་བཟོ་སྐྲུན་ལས་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། རྨ་ཆུའི་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་བཟོ་སྐྲུན་ལས་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ཆུ་གློག་ས་ཚིགས་ཀྱི་བཞུར་ཁོངས་གཙོ་བོ་དང་བཟོ་སྐྲུན་གཙོ་བོ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་བཟོ་སྐྲུན་ལས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། སྤྱི་གཉེར་བ་ཅང་དབྱིས་ཤིས་ཚིག་ཕུལ་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་མཛད་སྒོར་ཞུགས།

མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་གསར་སྐྲུན་བྱེད་བཞིན་ཡོད་ཅིང་། རྨ་ཆུའི་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་དེ་རྨ་ཆུའི་བཞུར་རྒྱུན་སྟོད་རྒྱུད་འཆར་འགོད་ཀྱི་སྐས་རིམ་གློག་ཚིགས་དང་། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ལས་གཞི་ཡིན་པའི་ཆ་ནས། རྨ་ཆུའི་བཞུར་རྒྱུན་གྱི་ཚ་རྔ་འགག་ཆུ་གློག་ས་ཚིགས་སྟོད་རྒྱུད་ཀྱི“ཚི་ཧ་དང་འབའ་མདོ། གཡང་འཁྱིལ”འཆར་འགོད་གསུམ་གྱི་སྐས་རིམ་ཆུ་གློག་ས་ཚིགས་ཀྱི་རིམ་པ་ཆེས་རྗེས་མ་ཡིན་པ་དང་། བཟོ་སྐྲུན་གཙོ་བོའི་ལས་འགན་ནི་གློག་འདོན་པ་ཡིན། བཟོ་སྐྲུན་ལས་མགོ་བརྩམས་པ་དེས། རང་ཞིང་གི་ནུས་ཁུངས་གསར་བའི་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་འགན་སྲུང་ཐད་དོན་སྙིང་གལ་ཆེན་ལྡན། 

ཆུ་གློག་ས་ཚིགས་ཀྱི་སྒྲིག་ཆས་སྤྱིའི་ཤོངས་ཚད་སྟོང་ཝ་ཁྲི120ཡིན་པ་དང་། ཆུ་མཛོད་ཀྱི་ཤོངས་ཚད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར16.39ཡིན་ལ། ལོ་རེའི་ཆ་སྙོམས་དུས་ཚོད3943བེད་སྤྱོད་བྱས་པ་དང་། ལོ་ངོ་མང་པོའི་རིང་གློག་འདོན་ཚད་སྟོང་ཝ་དུང་ཕྱུར47.32ཡིན། བཟོ་སྐྲུན་དེ་རིམ་པ་དང་པོ་ཆེ་ཤོས་ཀྱི་བཟོ་སྐྲུན་དུ་གཏོགས་ཤིང་། འཛུགས་སྐྲུན་དངོས་པོ་ཨར་འདམ་ཡིན་ཞིང་། ཆུ་གློག་ས་ཚིགས་ཁང་བའི་སྤྱིའི་ཤོངས་ཚད་རྒྱ་དཔང་གྲུ་བཞི་མ་ཁྲི20.4ཡིན་པ་དང་། ཆུ་རག་གི་སྤྱིའི་ཚད་གཞི་རྒྱ་དཔང་གྲུ་བཞི་མ་ཁྲི390ཡིན་པ་རེད། 

ལི་ཅའེ་ཞང་དང་ཅང་དབྱི། ཝུའུ་ཧའེ་ཁུན། ཀྲང་ཞའོ་རོང་ཡུལ་དངོས་སུ་སོང་ནས་བཟོ་སྐྲུན་གྱི་གནས་ཚུལ་ལ་བལྟས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།