མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་བརྒལ་ནས་སྨན་བཅོས་འགྲོ་ལུགས་གཅིག་གྱུར་གྱིས་སྒྲུབ་པ་དང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ནས་ཤེས་གསལ་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་ནས་གཅིག་གྱུར་གྱིས་སྒྲུབ་པའི”དམིགས་འབེན་དྲུག་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྟེགས་དང་བདེ་བླག་ངང་སྦྲེལ་མཐུད་དང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས44ཡིས་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པའི་སྒྲིག་གཞི74བཙུགས་པ་དང་། སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་ཀྱི་འབྲེལ་ཡོད་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་གནས་དེ་ཞིང་ཆེན་རིམ་པ་དེ་ག་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལག་བསྟར་བྱས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་བཀོད་སྒྲིག་བྱས་པའི་སྲིད་དོན་ཞབས་ཞུའི་ཞིང་ཆེན་བརྒལ་ནས་གཅིག་གྱུར་གྱིས་སྒྲུབ་པ་དང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བྱ་བའི་འགན་འཁྲི་དུས་བཀག་ལྟར་ལེགས་འགྲུབ་བྱས་པ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཞིང་ཆེན་ཏང་ཨུས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”གཙོ་གནད་དུ་བཟུང་ནས་སྒྲུབ་པར་ལྟ་སྐུལ་བྱེད་པའི་དོན་ཚན་ལ་བརྩིས་ཤིང་། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་བྱ་བ་དེ་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བཅུག་པ་མ་ཟད་ཞིབ་ཕྲའི་བླང་བྱ་བཏོན་པ་དང་། ཞིང་ཆེན་དཔྱད་ཞིབ་གཞུང་དོན་ཁང་གིས“ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པ”དེ་དཔྱད་ཞིབ་ཀྱི་དམིགས་ཚད་ནང་བཅུག་ཡོད། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡི་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་ནས་གཅིག་གྱུར་གྱིས་སྒྲུབ་པ”དང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་རྒྱུ་དེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་འཚོ་བར་ཕན་འདོགས་པའི་དམངས་སེམས་བཟོ་སྐྲུན་ཞིག་ཏུ་བརྩིས་ཡོད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས“གྲངས་འཛིན་ཆེན་མོ་དང་ཞབས་ཞུ་ཆེན་མོའི”བྱ་བའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་དམངས་སྲིད་དང་ཁྲལ་དོན། སྤྱི་བདེ་སོགས་ཀྱི་སྡེ་ཁག་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་པ་དང་དུས་མཚུངས་སུ་ཆིན་སུང་གཞུང་ལས་ཁང་གིAPPསོགས་ལས་སྟེགས་དང་སྦྲེལ་མཐུད་བྱས་ཏེ། སྲིད་དོན་ཞབས་ཞུའི་དམིགས་ཚད་ལས་འགན6དང་ཟུང་འབྲེལ་དང་། ཞིང་ཆེན་གྱི་སྲིད་དོན་ཞབས་ཞུ་སྡེ་ཁག་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན། གཞི་གྲངས་མཉམ་སྤྱོད་ལ་ཤུགས་སྣོན། བྱ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཚོས་ཐབས་ལམ་མང་པོའི་ཐོག་ནས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་བར་སྔར་བས་སྟབས་བདེ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད།

དེ་དང་ཆབས་ཅིག་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་བརྟེན་ནས་ལས་གཉེར་གྱི་ཞན་ཆ་གསབ་པ་དང་། ལས་གཉེར་ནུས་པ་མཐོ་རུ་གཏོང་བ། “དྲ་ཐོག་གཞུང་ལས་ཁང”གི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་བཅོས་འགན་བཅོལ་ལས་གཉེར་གྱི་བརྒྱུད་རིམ་བསྐྱར་དུ་བཟོ་བར་སྐུལ་འདེད་བཅས་བྱས་ཏེ། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱི་ནས“གཅིག་མཚུངས་ངང་སྒྲུབ་པ”དང་དྲ་ཐོག་དང་དྲ་ཕྱི་ནས“གཞི་གཅིག་ཏུ་སྒྲུབ་པ”དང་བརྒྱུད་རིམ་ལ“གཅིག་གྱུར་གཉིས”ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ལག་རྩལ་རྐང་འཛིན་པ་གཅིག་གྱུར་གྱིས་མཉམ་དུ་འགག་སྒྲོལ་བྱས་ཏེ་རྒྱལ་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་འབྲེལ་བ་སྤོ་བར་སྦྲེལ་མཐུད་ཀྱི“ཞིང་ཆེན་བརྒལ་ནས་ཟླ་སྒྲིལ་བཏང་ནས། གཞུང་དོན་ཁང”གི་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་དང་དྲ་ཐོག་ཏུ་སྤྱོད་མགོ་ཚུགས་པ་དང་། ནུས་པ་རེ་རེ་བཞིན་འཐུས་ཚང་དུ་བཏང་ནས་ལས་སྒོ་གཅིག་ཤར་གཏོང་ཐུབ་པ་བྱས་ཏེ། “ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པ”དང་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པའི་ལས་དོན་དོན་འཁྱོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།