ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བའི་གྲོས་ཚོགས་འཚོགས་ཤིང་། གསར་འགོད་པས་གྲོས་ཚོགས་སྟེང་ཤེས་གསལ་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞོར་ལས་པའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཉེ་ཆར་གཟེངས་བསྟོད་གཏན་འབེབས་པར་སྐྲུན་བྱས་ནས། ལས་ཁུངས150ལ“རྒྱལ་ཡོངས་ཀྱི་ཞོར་ལས་པའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་ཚོགས་པའི”མཚན་སྙན་སྤྲད་པ་དང་། མི་སྒེར150ལ“རྒྱལ་ཡོངས་ཀྱི་ཞོར་ལས་པའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པས། ཞིང་ཆེན་ལ་སྔོན་ཐོན་ཚོགས་པ4དང་སྔོན་ཐོན་མི་སྒེར4ཡོད་པ་རེད།
ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས《ཞོར་ལས་པའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》དོན་འཁྱོལ་བྱེད་པར་དམ་འཛིན་ནན་མོ་བྱས་ཏེ་དྲིལ་བསྒྲགས་སྲིད་ཇུས་དང་། མཉམ་འབྲེལ་ཁྲིམས་འཛིན། ལྟ་ཞིབ་དཔྱད་ཞིབ། རང་འགུལ་ངང་གྲལ་བཤེར། ཁ་དན་ཚིག་ལ་མི་གནས་པར་ཆད་པ་ནན་མོ་གཅོད་པ་སོགས་ཀྱི་དོན་དངོས་སྒྲུབ་པའི་བྱེད་ཐབས་སྤྱད་ནས། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་ཕྱོགས་བསྡུས་བྱ་ཐབས་སྤྱད་ནས་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བ་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ངལ་རྩོལ་ལྟ་ཞིབ་སྒྲིག་གཞིས་ཁྱོན་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི3185ཐོ་འགོད་དང་མཐུན་སྦྱོར་ཐག་གཅོད་བྱས་ནས། ཞོར་ལས་པ་ཁྲི2.2ལ་གླ་ཆ་སྒོར་དུང་ཕྱུར2.4བདའ་འདེད་བཏང་བས་ནུས་པ་ལྡན་པའི་སྒོ་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད།
མཚོ་སྔོན་ཞིང་ཆེན་ཀྱི་ཐེངས་འདིའི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཞིང་པ་ཞོར་ལས་པའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་ཞིབ་ཅུའུ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཁག ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་བཅས་རེད། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་འཛུགས་སྐྲུན་ལས་རིགས་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཐང་ཞའོ་ཅུན་དང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱི་རུ་གཙོ་ཁྲེན་ཀྲི་ཐུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ངལ་རྩོལ་འགན་ལེན་ལྟ་ཞིབ་རུ་ཆེན་གྱི་རུ་གཙོ་ཆུས་ཆིན་ཧྥུན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་གྱི་ལས་བཟོ་བ་ཡའོ་ཀྲི་ཡུང་བཅས་ལ“རྒྱལ་ཡོངས་ཀྱི་ཞོར་ལས་པའི་གླ་ཆ་འགྱངས་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱི་ཚོགས་པ4དང་མི་སྒེར4ལ་རྒྱལ་ཡོངས་ཀྱི་ཞོར་ལས་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱ་བའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ།