དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བརྒྱད་པའི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའིཚེས26ཉིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བརྒྱད་པའི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དང་། གྲོས་ཚོགས་སྟེང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་སྟེང2021ལོའི་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་ཁྲིད་དང་རོགས་རམ་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་པའི་རིམ་བྱུང་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་དང་རྒྱ་ཆེའི་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་ཡོངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་པ། ཤུགས་ཆེན་པོས་རྒྱལ་གཅེས་དམངས་གཙོའི་ཚན་རིག་སྲོལ་བཟང་དར་སྤེལ་གཏོང་བ། གཏན་འཇགས་སྒོས་གོང་བུ་གཅིག་ཏུ་འགྲིལ་བ་དང་། ཕྱོགས་ཡོངས་ལ་ཞབས་ཞུ། སྲིད་གླེང་ཇུས་འདོན། རང་ངོས་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། ལོ་འཁོར་གྱི་བྱ་བའི་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས་པར་བསྟན། 

ཚོགས་འདུའི་སྟེང2022ལོ་ནི་ཏང་དང་རྒྱལ་ཁབ་དང་དགུ་གསུམ་སློབ་ཚོགས་བཅས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་ཡིན། དགུ་གསུམ་སློབ་ཚོགས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་།《ཀྲུང་གོའི་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་སྲོལ་ཡིག》དང་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་ཡིག་ཆ་གསུམ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བསམ་བློ་དང་ཆབ་སྲིད་ལེགས་པར་སྐྱོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྲིད་གླེང་ཇུས་འདོན་གནད་སྨིན་ཡོང་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབ་པ། རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མཉམ་ལས་ཁང་དང་ཞིང་ཆེན་ཨུ་ལྷན་གྱི་བྱ་བ་ཁག་གི་སྤུས་ཀ་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ དགུ་གསུམ་སློབ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་ཐུབ་པར་བསུ་མ་བྱེད་དགོས་པར་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།