ཀྲེ་ཅང་ཞིང་ཆེན་གྱིས་མཚོ་ནུབ་ལ་རོགས་སྐྱོར་བྱས་པའི“ཤེས་རིག་དཔེ་ཁང”ཐོག་མ་སྤྱོད་མགོ་བརྩམས་པ།

965ab2e3-77e4-4598-8741-f36a958e8973.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ12པའི་ཚེས21ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ནས་རྒྱུས་ལོན་པ་ལྟར་ན། ཀྲེ་ཅང་ཞིང་ཆེན་ཅ་ཞིན་གྲོང་ཁྱེར་རིག་གནས་གློག་བརྙན་འཕྲིན་ཡུལ་སྐོར་ཅུའུ་དང་ཅ་ཞིན་གྲོང་ཁྱེར་དཔེ་མཛོད་ཁང་། ཧང་ཀྲོའུ་གྲོང་ཁྱེར་དཔེ་མཛོད་ཁང་ཐེབས་རྩ་ཚོགས་པ་བཅས་ཀྱིས་རོགས་སྐྱོར་བྱས་པའི“ཤེས་རིག་དཔེ་ཁང”རྣམ་གྲངས་ལེགས་འགྲུབ་བྱུང་བ་དང་སྤྱོད་མགོ་བརྩམས་ལ། དེ་ནི་མཚོ་ནུབ་ས་ཁུལ་གྱི“ཤེས་རིག་དཔེ་ཁང”ཐོག་མ་ཡིན་པ་དང་། “ཤེས་རིག་དཔེ་ཁང”ཕྱོགས་ཡོངས་ནས་སྒོ་འབྱེད་པ་དང་རིན་མེད་ཀྱི་ལྟ་ཀློག་བྱེད་པ། བྱང་བུ་གཅིག་གིས་ཡོངས་རྫོགས་ལོངས་སྤྱོད་བྱེད་ཐུབ་པ་སོགས་དེང་རབས་ཅན་གྱི་བྱེད་ནུས་མང་པོའི་དཔེ་དེབ་ལྟ་ཀློག་མངོན་འགྱུར་བྱུང་ཡོད་པ་རེད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ120ལྷག་ཟིན་པ་དང་དཔེ་དེབ་7000ཙམ་ཉར་ཚགས་ཡོད་ལ། དེ་དག་ཆབ་སྲིད་དང་བཅའ་ཁྲིམས་སོགས་རིགས་ཆེ་གྲས22ལ་ཁྱབ་ཡོད་པས། དཔེ་དེབ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཆེ་བ་དང་སྤུས་ཚད་མཐོ་བ། དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་སྙེག་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། ནང་དོན་གྱི་ཆ་ནས་གོ་བདེ་བ་དང་རྒན་གཞོན་ཚང་མར་འཚམ་པས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དམངས་ཡོངས་ལ་དཔེ་དེབ་ཀློག་རྒྱུ་དར་སྤེལ་བཏང་སྟེ་མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།