ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན་ནས་ཚེས24ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས། 

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ད་ལོའི་བྱ་བ་སྤྱི་སྡོམ་བྱས་པ་མ་ཟད། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། སང་ལོའི་ལས་འགན་བཀོད་སྒྲིག་བྱས་ལ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ་ལྔ་པར་ཟི་ལིང་ནས་བསྡུ་རྒྱུའི་ཐག་བཅད།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས2021ལོའི་བྱ་བའི་སྙན་ཞུ་ཕུལ་བ་མ་ཟད། སང་ལོའི་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས2021ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་སྤྱི་སྡོམ་བྱས་པ་དང་། 2022ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ལིས་ཅེ་ཞང་། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཁྲིན་རུའེ་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མེན། ཀྲའོ་ཡུའེ་ཞ་བཅས་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་ནས་གཅིག་གྱུར་གྱིས་བལྟས་ན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་ལ་གཅིག་འདོམས་བྱེད་པ་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་ལས་དོན་སྤེལ་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གསར་སྐྲུན་རང་བཞིན་དང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་གཏིང་ཟབ་ཅིང་མཐོང་རྒྱ་ཧ་ཅང་ཆེ་ལ། གོ་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ལ། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་བཟང་པོར་བསྒྲུབ་པའི་ཐད་བསམ་བློའི་དྲག་ཆས་སྟོབས་ལྡན་དང་ཚན་རིག་གི་མཛུབ་སྟོན་ཟབ་མོ་འདོན་སྤྲོད་བྱས་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་ཀྱི་འགོ་མཇུག་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱིས་ཁྱབ་ཡོད་ལ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་ཀྱི་སྒྲོག་གཏམ་ཡིན་པ་དང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་སྐུལ་སློང་ཡང་ཡིན་པས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་སྒྲིལ། འགུལ་སྐྱོད་གཅིག་གྱུར་བྱེད་པ། དར་ཆ་མཐོན་པོར་བསྒྲེང་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། རང་རྟོན་རང་སྤེལ་དང་དག་སྲུང་གསར་གཏོད་བྱེད་པ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་སྐྲུན་བྱས་ནས། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་ནས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། སྤྱི་ཡོངས་གཉིས་ལ་རྐང་བཙུགས་པ་དང་། འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ལ། དུས་རབས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་པ་དང་། བྱ་བའི་རྣམ་པ་གསར་པ་བཏོད་དེ། ང་ཚོས་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཙོ་གནད་གཏན་ཁེལ་བྱས་ལ། རེ་བ་ནན་མོ་བཏོན་ཡོད། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ཁོང་དུ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་དང་གཏན་ཁེལ་བྱས་པའི་སྲིད་དོན་བྱེད་ཕྱོགས། སྤྱིའི་རེ་བ། སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོར་རྒྱུས་ལོན་གསལ་བོ་དང་དོན་འཁྱོལ་ནན་མོ་བྱས་ནས། གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2021ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་གྲུབ་ཚུལ་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་གྲུབ་ཚུལ་སྤེལ་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། བདེ་འཇགས་གསུམ་གྱི་འཐབ་ཇུས་ངེས་གནས་ལ་རྒྱུས་ལོན་ཡང་དག་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྲུན་བྱེད་པ། བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་བཟང་པོར་བསྒྲུབས་པ། ཧུར་ཐག་གིས་སྤུས་ལེགས་འཚོ་བ་བསྐྲུན་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་གཙོ་བོ་ཡོངས་འགྲུབ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་བཅས་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་བརྒྱུད་དེ་འབད་འཐབ་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན།

ཚང་འཛོམས་གྲོས་ཚོགས་ནས2021ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་སྤྱི་སྡོམ་བྱས་ནས་བསྟན་དོན། ད་ལོར། ཛ་དྲག་རྙོག་འཛིང་གི་ཕྱི་ཕྱོགས་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་འགལ་རྩོད་གནད་དོན་མང་པོར་ཁ་ཕྱོགས་ནས། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་ཐད་ནས་འགོ་བཟང་པོ་བརྩམས་ལ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། དཔལ་འབྱོར་འཁོར་རྒྱུག་འོས་འཚམ་བར་སྟོང་དུ་རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་དངུལ་རྩའི་ཉེན་ཁ་བཀག་འགོག་བཟང་པོ་བྱས་པ་དང་། དམངས་ཚིས་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་། གྲུབ་འབྲས་དེ་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ་བླངས་པ་ཡིན་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཤུགས་འདོན་མཁྲེགས་གཏོར་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་པས། སྔར་ལས་གཅེས་སྤྲས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་སང་ལོའི་དཔལ་འབྱོར་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས། གྲོས་ཚོགས་ནས། མིག་སྔར་རིམས་ནད་ཀྱི་གནོད་འཚེའི་འོག་གི་ཕྱི་ཕྱོགས་ཁོར་ཡུག་སྔར་ལས་ཛ་དྲག་རྙོག་འཛིང་ཆེ་བ་དང་། གཏན་ཁེལ་མིན་པའི་རང་བཞིན་ལྡན་ལ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་དགོས་མཁོ་ཇེ་ཆུང་དུ་འགྲོ་བ་དང་འདོན་སྤྲོད་ལ་གནོད་པ་ཐེབས་པ། སྔོན་རྩིས་ཇེ་ཞན་དུ་འགྲོ་བའི་གནོན་ཤུགས་ཆེན་པོར་འཕྲད་ཡོད་པ་དང་། རང་ཞིང་གིས་མཐོ་གནས་འཛུགས་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཐད་ནས་གོ་སྐབས་མང་པོ་ཡོད་པ་དང་། ཕན་ཡོད་ཆ་རྐྱེན་མང་པོ་ལྡན་ལ། དེ་དང་མཉམ་དུ་དཀའ་ཁག་དང་གནད་དོན་ཡང་མི་ཉུང་བ་གནས་ཡོད་པས། ཞིབ་བསྡུར་དབྱེ་ཞིབ་ཁྲོད་འཐབ་ཇུས་རང་བཞིན་གྱི་བསམ་གཞིགས་གཏོང་ཤེས་པར་བྱེད་པ་དང་། བྱ་དངོས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་ཞིབ་མོ་བྱེད་པ། དཀའ་ཁག་ལ་དོ་སྣང་བྱེད་པ་མ་ཟད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་མིག་སྔའི་གནས་བབ་ལ་རྐང་བཙུགས་ཏེ། དཀའ་ངལ་ཁྱད་སེལ་དང་འབད་འཐབ་ལྷོད་མེད་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མུ་མཐུད་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་པོར་བསྒྲུབ་པ། དམངས་ཚིས་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་སྟོང་དུ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ལེན་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྤྱི་ཚོགས་ཀྱི་འགལ་རྩོད་གཙོ་བོར་རྒྱུས་ལོན་གསལ་བོ་བྱེད་དགོས། ཆབ་སྲིད་ཀྱི་མིག་རྒྱས་དཔལ་འབྱོར་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པ། ཕན་འབྲས་ཆེ་བའི་བྱ་བ་མང་པོ་བསྒྲུབ་པ། མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པ། ཕན་པ་ཡོད་པའི་བྱ་བ་མང་པོ་བསྒྲུབ་པ། ལོ་རྒྱུས་དང་ལག་ལེན། མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་བྱ་བ་མང་པོ་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ང་ཚོའི་འཚོལ་སྙེག་ཆེས་ཆེན་པོ་རུ་འགྱུར་བར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། ཆ་ཚང་བར་རྐང་བཙུགས་ནས། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། ཇི་མ་ཇི་བཞིན་དུ་ཞིབ་ཀློག་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་སློབ་སྦྱོང་གཏིང་ཟབ་མོ་བྱེད་དགོས། ཡང་དག་པར་རྐང་བཙུགས་ནས། དུས་ནམ་ཡང་ཚད་གཞི་ལ་དམིགས་པ་དང་། དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་དགོས། ཁྱོན་ཡོངས་ལ་རྐང་བཙུགས་ནས། མཐུན་སྦྱོར་ཤུགས་འདོན་འབུར་དུ་ཐོན་པར་བྱེད་པ་དང་། མཉམ་ཤུགས་གྲུབ་པར་དོ་སྣང་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ནན་མོ་བྱེད་དགོས། ད་ལྟ་སྒྲུབ་བཞིན་པའི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པ་དང་། མཐོ་གནས་འཛུགས་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱིའི་བྱེད་ཐབས་སུ་བྱེད་པ། མཐོ་གཉིས་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་དུ་བརྩི་བ། གྲོན་ཆུང་སྒོས་བྱ་བ་བསྒྲུབ་རྒྱུ་དེ་རྒྱུན་སྲོལ་དང་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱེད་པ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཟེར་འདེབས་སྙིང་སྟོབས་བཅངས་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་དང་རྩིས་བཤེར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་ཟོན་བརྙན་རིས་ལས་བསྟན་པའི་གནད་དོན་ཐད་ཀྱི་རྗེས་མཐུད་བྱ་བ་བཅས་མཉམ་དུ་བཟང་པོར་བསྒྲུབ་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། འགོག་སྡོམ་བྱ་བ་བཟང་པོར་བསྒྲུབ་པ་དང་། འཕེལ་རྒྱས་བྱ་བ་ནན་མོར་བསྒྲུབ་དགོས། བརྟན་ཐོག་ཡར་འཕེལ་དང་གསར་གཏོད་གསར་སྤེལ་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་སྟོང་དུ་རྒྱུན་འཁྱོངས་བྱེད་དགོས། གཏན་འཇགས་དྲུག་གི་བྱ་བ་དང་འགན་སྲུང་དྲུག་གི་ལས་འགན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས།  དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དམངས་ཚིས་ཀྱི་གཞི་རྩ་སྲུང་འཛིན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་བར་གྱི་བརྗེ་རེས་མངོན་འགྱུར་བྱེད་དགོས། འདོན་སྤྲོད་དགོས་མཁོ་དང་ཐུན་མོང་ཕྱུག་བསྒྱུར་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། མཉམ་དུ་ཕྱུག་པོར་བསྒྱུར་བའི་ལམ་དུ་མི་གཅིག་ཀྱང་མི་ལུས་པ་དང་་མི་བསྐྱུར་བ་མངོན་འགྱུར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་པར་བརྟན་བརླིང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དངོས་ཐོག་བདེན་འཚོལ་དང་དངོས་གཉེར་ཕན་འབྲས་ལྡན་པ་རྒྱུན་འཁྱོངས་བྱེད་པ། མིག་སྔའི་གནས་བབ་ལ་རྐང་འཛུགས་པ་དང་ཡུན་རིང་ལ་དམིགས་ནས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ནུས་པ་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གཉིས་སྔར་ལས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྔར་ལས་བརྟན་པོ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། “གནས་བཞིའི”འཛུགས་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཐོན་ལས་ལྷད་མེད་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ལྡན་དངུལ་གཏོང་འདེགས་སྐྱོར་ལ་ཤུགས་སྣོན་པ། འཛད་སྤྱོད་སླར་གསོ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ།“གནས་བཞིའི”འཛུགས་སྐྲུན་ལ་བརྟེན་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དགོས་མཁོའི་ཕྱོགས་ཀྱི་ཁེ་ལས་བརྟན་འཇགས་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་རྒྱུར་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་གང་ལེགས་ཐོབ་པར་བྱེད་དགོས། གྲོང་གསེབ་དར་སྤེལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་མཉམ་འགུལ་འཕེལ་རྒྱས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྱད་ལྡན་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱེད་པ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་འཚོ་སྡོད་བྱེད་པ་དང་བྱ་གཞག་སྤེལ་བར་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་པོར་བསྲུང་ནས། ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་གཞིག་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ།དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་བདེ་འཇགས་ལ་འགན་ལེན་བྱེད་པ། སྤྱི་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་རྒྱུན་མཐུད་ངང་འགན་ལེན་བྱེད་པ། བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གནས་ཚུལ་གང་ཡང་མི་ཐོན་པ་བཅས་བྱེད་དགོས། སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་རྒྱུན་ལྡན་དུ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པའི་ཁྱབ་ཁོངས་ལ་དམིགས་ནས། མ་མཐའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མས་སྐྱོར་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་དགོས། དུས་ཚིགས་དང་པོར་འགོ་ཡག་པོ་འཛུགས་རྒྱུར་འགན་ལེན་བྱས་ནས། ལས་གཞིའི་གྲ་སྒྲིག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། དུས་འགོའི་ལས་དོན་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་བ། ཞིབ་བཤེར་ཆོག་མཆན་གྱི་ལས་ཆོད་ཆེ་རུ་གཏོང་བ། བཀོད་གཏོང་ཞབས་ཞུར་ཤུགས་སྣོན་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། བཟོ་ལས་བརྟན་པོ་ཡོང་བར་བྱེད་པ་བཅས་ལ་རྨང་གཞི་ཡག་པོ་བཏིངས་ནས། ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྔོན་ལ་སྤེལ་ཐུབ་པར་བྱས་ཏེ། བརྟན་པོའི་ངང་འཕར་སྣོན་འབྱུང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྔ་མོ་ནས་འདོན་པ་དང་སྔ་མོ་ནས་དོན་འཁྱོལ་བྱེད་པ། སྔ་མོ་ནས་ཕན་འབྲས་ཐོབ་པར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་སློབ་སྦྱོང་བྱེད་མཁས་པ་དང་ལག་ལེན་བྱེད་ཕོད་པ། ལས་འགན་འཁུར་ཕོད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་ངང་ཚུལ་ཞིག་བསྐྲུན་ནས། སློབ་སྦྱོང་བྱེད་པའི་ཁྲོད་ནས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། ལག་ལེན་གྱི་ཁྲོད་དུ་ཉམས་མྱོང་གསོག་འཇོག་བྱེད་པ། འགན་འཁུར་བའི་ཁྲོད་དུ་ཞུམ་མེད་མདུན་སྐྱོད་བྱེད་པ། འབད་འཐབ་བྱེད་པའི་ཁྲོད་དུ་འབྱུང་འགྱུར་བསྐྲུན་པ། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་བློ་བརྟན་འགྱུར་མེད་ཀྱིས་གཅིག་གྱུར་ཡོང་བར་བྱས་ནས། མཚོ་སྔོན་གྱི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབ་རྒྱུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་ལས་འགན་རེ་རེ་བཞིན་དམ་འཛིན་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་རླབས་ཆེན་འཆར་གཞི་དེ་ཉིད་བདེ་སྐྱིད་ཀྱི་དོན་དངོས་སུ་འགྱུར་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལོ་རྒྱུས་གསར་པ་སྟོབས་ཤུགས་ཡོད་རྒུས་རྩོམ་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སང་ལོར་རང་རེའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྒྱུ་ཡིན་ལ། རང་རེའི་ཞིང་ཆེན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་རྒྱུ་ཡིན་ཞིང་།འདི་ནི་ཏང་ཡོངས་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བསམ་བློ་དང་རིགས་པའི་གཞུང་ལུགས། དྲིལ་བསྒྲགས། རྩ་འཛུགས་བཅས་ཀྱི་ཐད་གྲ་སྒྲིག་གང་ལེགས་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་ལས་བསྐྱེད་པའི་ཏང་ལ་བཅངས་པའི་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དགའ་ཞེན་དར་སྤེལ་ཡག་པོ་དང་བརྒྱུད་སྤྲོད་ཡག་པོ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་སྟོབས་ལ་ཁྲིད་སྟོན་ཡག་པོ་དང་གཞི་གཅིག་ཏུ་བསྡུ་བར་འབད་དེ། སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཟབ་རྒྱས་ཆེ་བའི་ཚོགས་འདུ་དེ་གཉིས་ལ་བསུ་མ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་དང་ཟུང་འབྲེལ་བྱས་ཏེ། མཇུག་བསྡུའི་འཆར་འགོད་དམ་འཛིན་ཡག་པོ་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་། འཚམས་འདྲིའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། དུས་ཆེན་གཉིས་རིང་གི་མང་ཚོགས་ཀྱི་རིག་གནས་བྱེད་སྒོར་རྩ་འཛུགས་ཞིབ་ཚགས་བྱེད་པ། སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ། བདེ་འཇགས་ཐོན་སྐྱེད། འཕྲལ་བསྟུན་ལས་རེས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ཐོག་ཏུ་སྤྲོད་པར་འགན་ལེན་བྱེད་པ། དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་དངོས་གོང་བརྟན་འཇགས། ཟས་རིགས་དང་སྨན་རྫས་བདེ་འཇགས། མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་བཅས་ལ་འགན་ལེན་བྱེད་པ། དཔལ་ཡོན་དང་ལྡན་པའི་ངང་ནས་དུས་ཆེན་རོལ་བ་དང་། སྤྱོད་གཙང་ངང་དུས་ཆེན་རོལ་བ། བརྩོན་འགྲུས་དང་གྲོན་ཆུང་ངང་དུས་ཆེན་རོལ་བ་བཅས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་རང་བདག་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་ནུས་ཤུགས་གང་ཡོད་འདོན་རྒྱུ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དངོས་འཛིན་དངོས་གཉེར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤོབས་པ་ཆེན་པོས་སྔོན་ལ་བརྩོན་ལེན་བཅས་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། དམིགས་ཚད་ལ་དམ་པོར་དམིགས་པ་དང་འབད་བརྩོན་དངོས་གཉེར་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་ནས་བརྡས་ཐག་བཅད་དེ་བློ་མཐུན་ཝང་ཞིན་ཧྥུའུ་ཡི་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཧྲུའུ་ཅི། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཆེན་མོ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་ཆེན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ཏང་ཙུའུ་འགན་འཁུར་བློ་མཐུན་གཙོ་བོ། རང་རེའི་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།