མཚོ་སྔོན་ཞིང་ཆེན་གྱིས་སྐབས་དང་པོའི་གཞི་གྲངས་མཚེའུ་ཡི་རྩིས་རྒྱག་ཐབས་ཀྱི་འགྲན་བསྡུར་ཆེན་མོ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱིས་སྐབས་དང་པོའི་རྨ་ཙོང་རྟགས་མའི་གཞི་གྲངས་མཚེའུ་རྩིས་རྒྱག་ཐབས་ཀྱི་འགྲན་བསྡུར་ཆེན་མོ་རྨ་ཙོང་ཁུལ་གསར་མཚོ་སྔོན་གཞི་གྲངས་མཚེའུ་ཡི་ཐོན་ལས་གླིང་དུ་དངོས་སུ་མགོ་བརྩམས། 

ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ནང“གྲངས་ཀའི”མ་འོངས་པ་གླེང་བ་དང་། “བློ་གྲོས”གསར་གཏོད་བརྗོད་དོན་དོན་དུ་བཟུང་ནས། འགྲན་བསྡུར་བྱས་པ་བརྒྱུད་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་སྟེགས་བུ་ལེགས་པར་བཙུགས་ནས། སྔར་ལས་ལྷག་པའི་སྒོ་ནས་གྲངས་འཛིན་ཆེན་མོའི་ཤེས་ལྡན་པ་མང་པོ་ཤེས་རྟོགས་དང་གསོ་སྐྱོང་བྱས་ནས། གྲངས་འཛིན་ཆེན་མོའི་ཤེས་ལྡན་པའི་གཞི་གྲངས་ཀྱི་ཚན་རིག་བསམ་བློའི་ནུས་པ་དང་ལག་ལེན་མཉམ་ལས་ནུས་པ་མཐོར་འདེགས་གཏོང་བ། གྲངས་འཛིན་ཆེན་མོའི་ནུས་རྩལ་རང་རེའི་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཅན་གྱི་ཁྲོད་གསར་གཏོད་ཉེར་སྤྱོད་བྱེད་པ་ཇེ་དྲག་ཏུ་བཏང་ནས། རང་རེའི་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་དང་གསོན་ཤུགས་གསར་པ་བསྣན་ཡོད།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་ཟླ4ཡོད་པ་དང་། དེ་ལ་ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་བསྡུར་གྱི་རིམ་པ་གསུམ་དུ་དབྱེ་ཡོད། བྱ་དགའ་ཐོབ་པའི་ཚོགས་པར་འབྲེལ་ཡོད་ཀྱི་གསེར་གྱི་བྱ་དགའ་ཡོད་པ་མ་ཟད། ད་དུང་མཚོ་སྔོན་གཞི་གྲངས་མཚེའུ་གསར་གཏོད་གཉིས་ཀྱི་ལྟེ་གནས་སུ་འཛུལ་བའི་འཛིན་བྱང་སྤྲོད་རྒྱུ་དང་། གྲུབ་འབྲས་གཞན་བསྒྱུར་ལག་རྩལ་ཞབས་ཞུ། གྲངས་འཛིན་ཅན་གྱི་ནུས་རྩལ། སྟེགས་བུར་རྒྱབ་སྐྱོར། དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་བྱ་དགའ་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།