མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་དཔྱད་དཔོག་ལས་གཞི་ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་དཔྱད་དཔོག་ལས་གཞི་བདེ་བླག་ངང་མཇུག་སྒྲིལ་བ་དང་། འདི་ནི་རང་ཞིང་གིས་ས་ཁོངས་ནང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གནས་བབ་ཐད་སྤེལ་བའི་ཁྱོན་ཡོངས་ཀྱི“ལུས་ཕུང་ཞིབ་བཤེར”ཐེངས་ཤིག་ཡིན་པ་དང་། འདིས་རང་ཞིང་གིས་མདོ་ལ་རི་བོའི་ས་ཁོངས་ཀྱི“སྐྱེ་ཁམས་ཁྱིམ་གཞིས”གསལ་བོར་རྟོགས་པ་མཚོན།

ལས་གཞི་འདིས་གཙོ་བོ་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད། སྐྱེ་དངོས་སྣ་མང་ཅན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད། རང་བྱུང་ཐོན་ཁུངས་མ་རྩའི་རིན་ཐང་ཞིབ་རྩིས་དང་བུ་ལོན་སྒྲིག་བཟོ། རང་བྱུང་ཐོན་ཁུངས་གཅིག་གྱུར་དབང་ཆའི་ཐོ་འགོད། སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་ཕྱོགས་བསྡུས་དཔྱད་དཔོག་དང་སྐྱེ་ཁམས་ཁོར་ཡུག་གནས་བབ་དཔྱད་འཇོག་མ་ལག་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་སྣ6འདུ། ལས་གཞིས་གཙོ་བོ་མ་ལག་རང་བཞིན་དང་ཚན་རིག་རང་བཞིན། མདུན་ལྗོངས་རང་བཞིན་བཅས་འབུར་དུ་བཏོད་ཡོད། མ་ལག་གིས་ས་ཁོངས་སྐྱེ་ཁམས་ཁོར་ཡུག་གནས་ཚད་ཡོངས་ཀྱི་བརྟག་དཔྱད་དཔྱད་དཔོག་ལེགས་འགྲུབ་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་ཆུ་དང་མཁའ་དབུགས། སྐྱེ་དངོས་སོགས་ཀྱི་བརྟག་དཔྱད་དང་ཕྱོགས་བསྡུས་དཔྱད་དཔོག་ལེགས་འགྲུབ་བྱས་པ་དང་། དེར་འཁྱགས་དར་དང་ས་འཁྱགས། གཏེར་རི་སོགས་ཀྱི་བརྟག་དཔྱད་ཆེད་དོན་སྒྲིག་བཀོད་བྱས་པ་དང་། ཁྱོན་ཡོངས་ནས་ས་ཁོངས་སྐྱེ་ཁམས་ཁོར་ཡུག་གནས་བབ་ལ་བརྟག་དཔྱད་བྱས། 

དེའི་རྨང་གཞིའི་སྟེང་རང་ཞིང་གིས་མདོ་ལ་རི་བོའི་ལྗང་མདོག་འཕེལ་རྒྱས་གནས་བབ་དང་། རི་དང་ཆུ། ནགས་དང་མཚེའུ་སོགས་བཟོ་སྐྲུན་ཕན་འབྲས་དཔྱད་དཔོག་དང་། སྐྱེ་དངོས་སྣ་མང་ཅན་བརྟག་དཔྱད་དང་དཔྱད་དཔོག རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོ་འགོད་དང་རིན་ཐང་ཞིབ་རྩིས། སྐྱེ་ཁམས་མ་ལག་རིན་ཐང་ཞིབ་རྩིས་སོགས་ས་ཁོངས་ཀྱི་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་ཁྲིད་གཞི་ཁྱོན་ཡོངས་དང་། མ་ལག་བརྟག་དཔྱད་དང་དཔྱད་དཔོག ས་ཁོངས་རྒྱུན་འཛིན་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་ཅན་གྱི་སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་གྱི་ཁྱོན་ཡོངས་མ་ལག་རང་བཞིན་གྱི་སྐྱེ་དངོས་བརྟག་དཔྱད་དང་དཔྱད་དཔོག་ལེགས་འགྲུབ་བྱས་པ་མ་ཟད། གཏན་ཚུགས་ནོར་རྫས་ཐོ་འགོད་རྨང་གཞི་རུ་བྱས་ཏེ། ཆུ་དང་ནགས་ཚལ། རི་རྒྱུད། རྩྭ་ཐང་། ས་རྒོད་སོགས་གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་རྒྱུ་རྐྱེན་སོ་སོ་དེ་སྤྱིའི་ཆ་ནས་དབང་ཆའི་ཐོ་འགོད་བྱས་ཏེ། རྒྱལ་ཁོངས་བར་སྟོང་གི་རིགས་སོ་སོའི་རང་བྱུང་ཐོན་ཁུངས་མ་རྩའི་དབང་ཆ་གསལ་བོར་བྱས་པ་དང་།རྒྱལ་གཉེར་དང་ཐུན་མོང་གི་ས་ཞིང་དང་། རང་བྱུང་ཐོན་ཁུངས་རྟགས་མཚན་ཁྱབ་ཁོངས། རིགས་མི་འདྲ་བའི་དངོས་པོའི་དབང་ཆའི་མཐའ་མཚམས། རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་དང་། སྲིད་གཞུང་གི་དབང་ཆའི་བེད་སྤྱོད་མཐའ་མཚམས་སོགས་རིགས་མི་འདྲ་བའི་རང་བྱུང་ཐོན་ཁུངས་ཀྱི་མཐའ་མཚམས་གསལ་བོར་བྱས་ནས། མ་ལག་རང་བཞིན་གྱི་རང་བྱུང་ཐོན་ཁུངས་དབང་ཆའི་ཁོངས་གཏོགས་འབྲས་བུ་གྲུབ་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།