མཚོ་སྔོན་ཞིང་ཆེན་གྱིས2022ལོའི“དུས་ཆེན་གཉིས”ཀྱི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་རིན་གོང་ལྟ་སྐུལ་ཞིབ་བཤེར་ཆེད་སྤྱོད་བྱ་འགུལ་སྤེལ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས“དུས་ཆེན་གཉིས”ཀྱི་རིན་གོང་གཏན་འཇགས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་2022ལོའི་ལུགས་གསར་ལོ་སར་དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་རིན་གོང་ལྟ་སྐུལ་ཆེད་སྤྱོད་མགོ་རྩོམ་དང་བྱ་སྤྱོད་ཚད་ལྡན་གྱི་གསལ་འདེབས་ཚོགས་འདུ་བསྡུས་ནས། དེང་སྐབས་རིན་གོང་གནས་བབ་ལ་བརྡར་གཅོད་དང་། ཉེ་དུས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག ཚོང་གཉེར་མཁན་གྱི་རིན་གོང་ཚད་ལྡན་བྱ་སྤྱོད་གསལ་འདེབས། ཚོང་རའི་རིན་གོང་སྲུང་སྐྱོང་བྱས་ཏེ། འཛད་སྤྱོད་དང་ཚོང་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས། 

ཤེས་གསལ་ལྟར་ན། གྲོས་ཚོགས་ལས་ལས་རིགས་སོ་སོའི་ཚོང་གཉེར་མཁན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དྲང་བདེན་དང་ཁྲིམས་མཐུན། ཡིད་རྟོན་འདུ་ཤེས་ཆགས་སུ་བཅུག་ཏེ། སྤྱི་ཚོགས་ལས་འགན་ཕྲག་ཏུ་བླངས་ཏེ། འཚོ་བའི་དགོས་མཁོའི་དངོས་རྫས་སྲུང་སྐྱོང་དང་རིམས་འགོག་དངོས་རྫས་སོགས་དམངས་འཚོའི་རིན་གོང་གཏན་འཇགས་བྱ་བ་ལེགས་པོར་སྒྲུབ་དགོས། ཏན་ཏིག་གིས་རིན་གོང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྲིད་ཇུས། དོ་དམ་སྡེ་ཁག་གི་འགན་ནུས་འདོན་སྤེལ། ལས་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་དཔེ་སྟོན་བྱེད་ནུས་བཏོན་ནས། རིན་གོང་རང་གཅུན་དང་ནང་ཁུལ་གྱི་དོ་དམ་ཚད་ལྡན། ཚོང་གཉེར་མ་རྩ་དམའ་རུ་བཏང་སྟེ། ཚོང་རའི་མཁོ་འདོན་འགན་སྲུང་བྱེད་དགོས། འབྲས་དང་ཕྱེ། སྣུམ། ཤ་དང་སྒོ་ང་སོགས་འཚོ་བའི་མཁོ་གལ་དངོས་རྫས་གསོག་ཉར་བྱེད་པ། ཚོང་རའི་རིན་གོང་ཚོད་འཛིན་བྱེད་མི་རུང་། རིན་གོང་བརྡ་འཕྲིན་གང་འདོད་དུ་ཁྱབ་སྒྲོག་དང་རིན་གོང་མཐོ་རུ་གཏོང་བ། རིན་གོང་སྒྲིག་ལམ་གཏོར་བརླག་བྱེད་མི་རུང་། 

ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྒྱུན་ལུགས་ཅན་གྱི་རིམས་ནད་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་རིན་གོང་ལྟ་སྐུལ་ཚད་ལེན་དང་རིན་གོང་གླེང་ཕྱོགས་སྔ་མོ་ནས་ཤེས་ན་སྔ་མོ་ནས་ཐག་གཅོད་བྱས་ཏེ། འཛད་སྤྱོད་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། གཅིག་བསྡུས་སྒོས་སྒོ་རྩིས་ཚོང་ཁང་དང་ཁྲོམ་ར། འགྲིམ་འགྲུལ་ས་ཚིགས། བཟའ་བཏུང་ཞབས་ཞུ། གནས་སྐོར་ལྗོངས་ཁུལ། རླངས་འཁོར་འདུག་ས་སོགས་ཁྱབ་ཁོངས་ཀྱི་སྐོར་ཞིབ། གཙོ་གནད་ཞིབ་བཤེར་དང་གང་འདོད་དུ་ཞིབ་བཤེར་བྱེད་པ། གཟབ་ནན་སྒོས“དུས་ཆེན་གཉིས”སྐབས་ཀྱི་ཚོང་རའི་འཛད་སྤྱོད་སྐུལ་འདེད་ཁྲོད་ཀྱི་རིན་གོང་རྫུན་མ་དང་རིན་གོང་མི་གསལ་བ་སོགས་ཀྱི་ཟུར་སྣོན་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ། རིན་གོང་ཁས་ལེན་སོགས་མགོ་སྐོར་བྱ་སྤྱོད་ལག་བསྟར་ནན་མོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།