མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་གནང་བའི་དུས་ཡུན་ཉིན10ཡིན་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)རྫོང་(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་གསོ་སྦྱོང་ནང་དོན་ཁག་ལེགས་འགྲུབ་བྱུང་ནས་བདེ་བླག་ངང་སློབ་མཇུག་བསྒྲིལ་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་སྲིད་གྲོས་སྐབས་བརྗེའི་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱིས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཅིག་སྡུད་སྒོས་གསོ་སྦྱོང་བྱེད་ཐེངས་དང་པོ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་སྲིད་གྲོས་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ40ཡི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། འདུ་ཤེས་རྒྱ་ཆེར་གཏོང་བ་བཅས་ཀྱི་གཅིག་སྡུད་གསོ་སྦྱོང་དང་ལེན་བྱས་པ་རེད། གསོ་སྦྱོང་སྐབས་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་མགོ་ཁྲིད་ཀྱི་སློབ་ཁྲིད། དཔེའི་གཞིའི་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། གསོ་སྦྱོང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་གཙོ་རྐང་དུ་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན། ལས་བྱེད་པའི་འཇོན་ཐང་མཐོ་རུ་གཏོང་བ་སོགས་ཚུད་ཡོད།

ཚང་མས་ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་དང་དམིགས་སའི་རང་བཞིན་ཆེ་བས་ཏང་གི་ལོ་རྒྱུས་སློབ་གསོ་དང་ལེན་བྱེད་པ་དང་དུས་མཚུངས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་དང་སྲིད་གྲོས་ལོ་རྒྱུས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གོ་བ་སྔར་བས་གཏིང་ཟབ་བླངས་ནས་ཏང་གཤིས་བློ་སྦྱོང་ལ་སྔར་ལས་ཤུགས་སྣོན་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། འགན་འཁྲི་སྒྲུབ་ནུས་མཐོ་རུ་གཏོང་བ་བཅས་ཐུབ་པར་ངོས་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།